ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།

政务   2025-01-07 14:01   西藏  


    བོད་ལྗོངས་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཡི་ཐོག་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8(བྱང་གི་འཕྲེད་ཐིག་ཏུའུ་28.50དང་ཤར་གྱི་གཞུང་ཐིག་ཏུའུ་87.45)བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ས་ཡོམ་གྱི་འཕྲལ་སྡོམ་ལས་དོན་ཏན་ཏིག་སྒྲུབ་ཆེད།《བོད་རང་སྐྱོང་ལྗོངས་ས་ཡོམ་འཕྲལ་སྡོམ་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཡི་ཐོག་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུ་གཏན་འཁེལ་བྱས་ཡོད།

    རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འཕྲལ་སྡོམ་བཀོད་འདོམས་པུའུ་དང་དེའི་ཁོངས་གཏོགས་སྡེ་ཚན་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། འཕྲལ་སྡོམ་བཀོད་འདོམས་པུའི་འགོ་ཁྲིད་ཀྱི་ལས་དོན་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་ཏན་དང་། མཉམ་དུ་གྲོས་མོལ་དང་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། གནོད་འཚེར་ཁ་གཏད་གཅོག་པ་དང་མི་སྣ་འཚོལ་སྐྱོབ་གནས་སྤོ་དང་ཉེན་གཡོལ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། རིམ་ཁག་འབྲེལ་ཡོད་འགན་འཁུར་བས་འཕྲལ་མར་ལས་གནས་སུ་འབྱོར་བར་བྱས་ཏེ་ཆུ་ཚོད་24ཡི་རིང་ལས་རེས་སྡོད་པ་དང་རིམ་ཁག་ཉེན་སེལ་གུད་སྐྱོབ་དཔུང་ཁག་གྲ་སྒྲིག་ཨང་གསར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་གྱིས་གནོད་འཚེ་དང་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས།

2025ལོའི་ཟླ་1ཚེས་7ཉིན།




དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་འདུག

ས་ཆ་མང་པོ་ཞིག་ལ་གངས་འབབ་རྒྱུ་མ་ཟད་དྲོད་ཚད་ཀྱང་ཤུགས་ཆེན་ཆག་པ་འདུག

ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章