ས་ཡོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས2པའི་ཐོག་གསུངས་དོན།

政务   2025-01-09 09:30   西藏  


    ཟླ་1ཚེས་8ཉིན་གྱི་ཕྱི་དྲོར། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི“1·07”ས་ཡོམ་གྱི་ཡོམ་འགོག་རོགས་སྐྱོབ་ལས་དོན་སྤེལ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཟླ་1ཚེས་8ཉིན་གྱི་ཆུ་ཚོད་12པའི་བར། ས་ཡོམ་ནང་ཁང་པ་3609ལོག་པ་དང་། ཁྱོན་མི་126རྐྱེན་ལམ་དུ་ཤོར་བ། མི་188ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

    དིང་རི་རྫོང་དང་ལྷ་རྩེ་རྫོང་གི་ས་ཆ་ཁ་ཤས་ལ་གློག་ཆད་པ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་ལམ་དུམ་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་ལ། དིང་རི་རྫོང་གི་གྲམ་སོ་ཤང་དང་ཆུ་ལྷོ་ཤང་གི་འཕྲིན་གཏོང་སྒྲིག་ཆས་ཁག་གཅིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ཤར་གཏོང་དང་ཉམས་གསོའི་ལས་དོན་སྤེལ་བ་བརྒྱུད། གེགས་ཁུལ་གྱི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་པ་རེད། 

    མིག་སྔར། ས་ཡོམ་གེགས་ཁུལ་གྱི་ལས་དོན་དེ་འཕྲལ་དུ་རོགས་སྐྱོབ་བྱེད་པ་ནས་མང་ཚོགས་བཀོད་སྒྲིག་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章