གེགས་ཁུལ་དུ་འགོ་ནད་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་ཐབས།

政务   2025-01-10 19:53   西藏  





         ཟླ་1ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོམ་འགོག་གེགས་སེལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་སྐབས་གནོད་འཚེ་ཆེན་པོ་བྱུང་བའི་རྗེས་སུ་རིམས་ནད་ཆེན་པོ་མི་ཐོན་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། དེར་བརྟེན་ང་ཚོས་ས་ཡོམ་བརྒྱབ་རྗེས་གེགས་ཁུལ་དུ་འགོ་ནད་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ཇི་ལྟར་བྱེད་དགོས་ཤེ་ན།

གཅིག འགོ་ནད་དང་ཆམ་ནད་མི་ཕོག་པ་བྱེད་དགོས།    

      ས་ཡོམ་བརྒྱབ་རྗེས་རྒྱུ་ལམ་གྱི་འགོ་ནད་དང་། དབུགས་ལམ་གྱི་གཉན་ཚད། མི་དང་སྒོ་ཕྱུགས་གཉིས་ཀར་ཕོག་སྲིད་པའི་ནད་སོགས་ཐོན་སླ་པོ་ཡོད་པས། ཆུ་འགོ་སྲུང་སྐྱོང་བྱེད་པ་དང་། ཆུ་གྲང་མོ་མི་འཐུང་བ། གང་སར་བཙོག་གཅིན་མི་གཏོང་བ། དྲོ་ཇུས་ཡག་པོ་བཅས་བྱས་ཏེ་ཆམ་ནད་དང་། གློ་ཚད་འཁྲིད་པ། ཆམ་རིམས་ཕོག་པ་སོགས་དབུགས་ལམ་དུ་གཉན་ཚད་མི་རྒྱས་པ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་གད་སྙིགས་དང་བཙོག་དངོས་གཙང་སེལ་བྱས་ནས་ཁོར་ཡུག་ལ་དུག་སེལ་ཡག་པོ་བྱེད་དགོས།     

གཉིས། དྲོ་ཇུས་ཡག་པོ་བྱེད་དགོས།  

     གྲང་འགོག་དྲོད་སྲུང་ཡག་པོ་བྱེད་དགོས་ཤིང་། ལྷག་པར་དུ་མགོ་དང་། ལག་པ། རྐང་པ་བཅས་མི་འཁྱགས་པ་བྱེད་དགོས། གལ་ཏེ་འཁྱགས་སྦོས་ཐེབས་ཚེ་འཕྲལ་མར་ཆུ་དྲོད་འཇམ་ལ་སྦངས་པའམ་ཡང་ན་སྨན་བྱུག་དགོས།  

གསུམ།  དབྱང་གཅིག་ཐཱན་འགྱུར་གྱི་དུག་མི་ཕོག་པ་བྱེད་དགོས།  

    འཕྲལ་སྡོམ་གུར་ནང་དྲོ་པོ་ཡོང་བར་དོ་སྣང་བྱེད་དགོས་མོད། ཡིན་ནའང་རྡོ་སོལ་གྱི་ཐབ་དང་སོལ་རླངས་ཀྱི་ཐབ་གཏོང་སྐབས་དབྱང་གཅིག་ཐཱན་འགྱུར་གྱི་དུག་མི་ཕོག་སྔོན་འགོག་བྱེད་དགོས། གལ་ཏེ་དུག་ཕོག་ཚེ་མྱུར་དུ་ཕྱི་རོལ་གྱི་ཁ་རླུང་གསར་པ་རྔུབ་ཏུ་འཇུག་དགོས་པ་དང་གོང་བ་དང་སྐེ་རགས་ལྷོད་དུ་བཏང་སྟེ། མགོ་སྙོམས་པོར་བཞག་ནས་དབུགས་འབྱིན་རྔུབ་བདེ་པོ་ཡོང་བར་བྱེད་དགོས་པ་དང་། དེ་ནས་སྨན་བཅོས་བྱེད་ཐབས་གཞན་དག་སྤྱོད་དགོས།   

བཞི། རྨ་ལ་གཉན་ཁ་མི་རྒྱས་པ་བྱེད་དགོས།

      གལ་ཏེ་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་ཚེ་རྨ་ཁར་གཉན་ཁ་མི་རྒྱས་པ་བྱེད་དགོས་ཤིང་། རྨ་ཁ་ཆེ་ཆུང་གང་ཡིན་ཡང་དུས་ཐོག་ཏུ་སྨན་པ་བསྟེན་དགོས། རྨ་ཁ་གཙང་མར་བཀྲུས་ཏེ་འཚེམ་པ་དང་འཛུམ་བུ་ལྟག་དགྱེས་ཀྱི་དུག་འགོག་སྨན་ཁབ་རྒྱག་དགོས་པ་དང་འབྲེལ། གཉན་ཁ་མི་རྒྱས་པའི་སྨན་ཟ་དགོས།  

ལྔ། ཟས་དུག་མི་ཕོག་པ་བྱེད་དགོས།    

      བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་ཤིང་།  ཆུ་གཙང་མ་འཐུང་དགོས་པ་དང་།  ས་ཡོམ་ཁྲོད་དུ་ཤི་བ་དང་ནད་ཕོག་ནས་ཤི་བའམ་ཡང་ན་རྒྱུ་རྐྱེན་གསལ་པོ་མེད་པར་ཤི་བའི་སྲོག་ཆགས་ཀྱི་ཤ་ཟ་རྒྱུ་མེད་པ་དང་། སྤུས་ཚད་འགན་ལེན་གྱི་དུས་ཚད་ཡོལ་བ་དང་ཧམ་སྤུ་བརྒྱབ་པའི་ཟས་རིགས་ཟ་རྒྱུ་མེད། སྣོད་ཆས་སོགས་གཙང་མ་འཁྲུད་དགོས་པ་དང་། ལྷག་པར་དུ་ཚལ་དང་ཤ་སོགས་བཙོས་མ་དང་རྗེན་པ་དབྱེ་ནས་གཏུབ་དགོས།





ཝང་ཅུན་ཀྲེང་གིས་ཡོམ་འགོག་གེཊ་སེལ་ལས་དོན་འདི་ལྟར་སྤེལ་དགོས་གསུངས།
ཡོམ་ཁུལ་དུ་དྲོད་ཚད་དམའ་ཤོས་ -16℃ལ་སླེབས་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་…
དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章