《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་དོ་དམ་བྱ་ཐབས》 (སྲིད་གཞུང་གི་བཀའ་རྒྱ་ཨང་152པ)སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་2025ལོའི་ཟླ་1ཚེས་6ཉིན་ནས་ཟླ་4ཚེས་30ཉིན་བར། ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་རའི་ཐོག་མེད་པ་བཟོ་བར་ཁ་གསབ་སྤྲོད་པའི་ལས་དོན་སྤེལ་རྒྱུ་དང་། གོང་གི་གཏན་འཁེལ་དུས་ཚོད་ལས་བརྒལ་ཚེ་བདག་སྤྲོད་བྱེད་རྒྱུ་མིན་པ་རེད།དང་པོ། ཁ་གསབ་བྱ་ཡུལ། 2021ལོའི་ཟླ་1ཚེས་10ཉིན་ནས་2021ལོའི་ཟླ་12ཚེས་31ཉིན་བར། རང་གྲོང་ཁྱེར་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པར་ཐོ་འགོད་བྱས་པའི་ཚད་བརྒལ་གློག་སྒུལ་སྦག་སྦག(འཁོར་བྱང་དཀར་པོ་དང་ཡི་གེ་དམར་པོ་ཡིན་པའི་འཁོར་རྟགས)གི་འཁོར་བདག་ཡིན་པ།གཉིས་པ། ཁ་གསབ་ཀྱི་ཚད་གཞི། ཚད་བརྒལ་གློག་སྒུལ་སྦག་སྦག་གི་གློག་གསོག་སྣོད་ཆས་ཀྱི་གློག་གནོན་ཤོང་ཚད་48Vདང་། 60V 72Vབཅས་ལ་གཞིགས་ནས་ཁ་གསབ་རིམ་པ་གསུམ་ལ་དབྱེ་ནས་སྤྲོད་རྒྱུ་ཡིན་པ་སྟེ།1.གློག་གསོག་སྣོད་ཆས་48Vཡིན་པར་ཁ་གསབ་སྒོར་371སྤྲོད་རྒྱུ།2.གློག་གསོག་སྣོད་ཆས་60Vཡིན་པར་ཁ་གསབ་སྒོར་615སྤྲོད་རྒྱུ།3.གློག་གསོག་སྣོད་ཆས་72Vཡིན་པར་ཁ་གསབ་སྒོར་755སྤྲོད་རྒྱུ།གསུམ་པ། ཁ་གསབ་རེ་ཞུ་བྱེད་པར་ཚང་དགོས་པའི་བླང་བྱ།1.ཁ་གསབ་རེ་ཞུ་བྱེད་པའི་གློག་སྒུལ་སྦག་སྦག་ལ་གློག་རྫས་དང་། གློག་འཕྲུལ། འཁོར་སྒྲོམ་སོགས“ལྷུ་ལག་ཆེན་པོ་གསུམ”ཡོད་དགོས།2.ཁ་གསབ་རེ་ཞུ་མཁན་གྱིས་གློག་སྒུལ་སྦག་སྦག་དང་། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར། དངུལ་ཁང་གི་བྱང་བུ་བཅས་ལ་བརྟེན་ནས་ཁ་གསབ་རེ་ཞུ་བྱེད་དགོས་པ་མ་ཟད། ཐོབ་ཐང་ལག་ཁྱེར་གཅིག་དང་སྦག་སྦག་གཅིག་ལ་ཁ་གསབ་ཐེངས་གཅིག་མ་གཏོགས་ལེན་མི་ཆོག3.འཁོར་བདག་བརྗེ་པོ་བརྒྱབ་རུང་ཐེམ་ཐོ་སྒྱུར་བའི་འགྲོ་ལུགས་གཉེར་མེད་པ་རྣམས་ཀྱིས་ངེས་པར་དུ་གོ་ཆོད་ལག་ཁྱེར་འཁྱེར་ནས་ཁ་གསབ་རེ་ཞུ་བྱེད་དགོས།བཞི་པ། ཁ་གསབ་རེ་ཞུ་བྱེད་པའི་བརྒྱུད་རིམ། ཚད་བརྒལ་གློག་སྒུལ་སྦག་སྦག་གི་འཁོར་བདག་ཚོས་རང་ཉིད་དང་ཐག་ཉེ་སའི་ཚུར་བསྡུ་བེད་མེད་གཏོང་བའི་ཆེད་ལས་ལག་ཁྱེར་ཡོད་པའི་ཁེ་ལས་ཀྱིས་བཙུགས་པའི་དམངས་ཕན་ཚུར་བསྡུའི་ས་ཚིགས་སུ་བསྐྱོད་དེ་སྦག་སྦག་ཀུང་སེས་ཞིབ་བཤེར་བྱེད་པར་སྐྱེལ་དགོས་པ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་དང་དངུལ་ཁང་གི་བྱང་བུའི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་ལ། བེད་མེད་དུ་གཏོང་བའི་ཞིབ་མཆན་འགྲོ་ལུགས་ཆ་ཚང་འབྲི་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་རྗེས། ལས་ཀའི་དུས་ཚོད་ཀྱི་ཉིན་5ཡི་ནང་ཁ་གསབ་དངུལ་རེ་ཞུ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་དངུལ་ཁང་བྱང་བུའི་ནང་བླུག་རྒྱུ།ལྔ་པ། ཚུར་བསྡུའི་ས་ཚིགས་དང་། འབྲེལ་གཏུག་ཁ་པར་ཨང་གྲངས། ཚུར་བསྡུའི་དུས་ཚོད།1.ཁྲེང་ཀོན་ཆུས། ས་ཚིགས་ཁག་གི་ལས་ཀའི་དུས་ཚོད། 09:30—18:302.རྫོང(ཆུས)གཞན་གྱི་ཚུར་བསྡུའི་ས་ཚིགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་སྤྱི་བསྒྲགས་ལ་གཟིགས་དགོས།དྲུག་པ། ལས་དོན་གཞན་དག་གི་སྐོར།1.དཔྱིད་གསར་དུས་ཆེན་རིང་ངལ་གསོས་རྐྱེན་པས་2025ལོའི་ཟླ་1ཚེས་20ཉིན་ནས་ཟླ་2ཚེས་14ཉིན་བར་ཁྲེང་ཀོན་ཆུས་ཀྱི་ཚུར་བསྡུའི་ས་ཚིགས་སུ་ལས་གཉེར་བྱེད་མཚམས་འཇོག་རྒྱུ་ཡིན་པས། ཚལ་གུང་ཐང་ཁྲོམ་གཞུང་ས་ཚིགས་དང་། ཉང་བྲན་ཁྲོམ་གཞུང་སྔགས་པ་གླིང་ཁའི་ས་ཚིགས། གླིང་ཕྲན་གཉིས་ཁྲོམ་གཞུང་གི་ཉི་འོད་གླིང་ཕྲན་ལམ་དུམ་དང་པོའི་ས་ཚིགས་བཅས་སུ་ཕེབས་དགོས། དེ་མིན་གྱི་ཚུར་བསྡུའི་ས་ཚིགས་ཁག་ཟླ་2པའི་ཚེས་14ཉིན་རྗེས་མུ་མཐུད་ལས་གཉེར་བྱེད་རྒྱུ།2.བཙན་ཤེད་ཀྱིས་བེད་མེད་དུ་གཏོང་བའི་རྩ་དོན་གཞིར་བཟུང་། ཐོ་འགོད་མ་བྱས་པའི་ཚད་བརྒལ་སྦག་སྦག་སྲིད་གཞུང་གི་དམིགས་འཛུགས་ས་ཚིགས་སུ་བེད་མེད་དུ་གཏོང་དགོས། དེར་ཚུར་བསྡུའི་ཁེ་ལས་ཀྱིས་སྦག་སྦག་གི་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་ཁ་གསབ་སྤྲོད་རྒྱུ།3.དམིགས་འཛུགས་ཀྱི་ཚུར་བསྡུའི་ས་ཚིགས་སམ་ཡང་ན་བེད་མེད་གཏོང་བའི་ཆེད་ལས་ཀྱི་ཐོབ་ཐང་ཡོད་པའི་ཁེ་ལས་ཀྱི་སར་བེད་མེད་དུ་བཏང་མེད་རིགས། སྲིད་གཞུང་གི་ཁ་གསབ་ལོངས་སུ་སྤྱོད་མི་ཆོག4.སྦག་སྦག་བེད་མེད་དུ་གཏོང་མཁན་ཚོས “བདེ་སྐྱིད་ལྡན་པའི་ལྷ་ས། ཕན་བདེས་ཕྱུག་པའི་འཚོ་བ”ཞེས་པའི་དཔྱིད་གསར་དུས་ཚིགས་ཀྱི་རླངས་འཁོར་ཉོ་བའི་བྱེད་སྒོར་ཞུགས་ཆོག5.གློག་སྒུལ་སྦག་སྦག་ཚོང་མཁན་གྱིས་གོ་སྐབས་དེ་དང་བསྟུན་ནས་གློག་སྒུལ་སྦག་སྦག་གི་རིན་གོང་སྤོར་མི་ཆོག གལ་ཏེ་གནས་ཚུལ་འདི་རིགས་ཐོན་ཚེ་འབྲེལ་ཡོད་ཚན་པས་རྩད་གཅོད་ནན་པོ་བྱེད་རྒྱུ། ཐེར་འདོན་ཁ་པར་ཨང་གྲངས་12315དང་ཐེར་འདོན་ཐོག་མར་བྱེད་མཁན་ལ་བྱ་དགའ་སྒོར་500སྤྲོད་རྒྱུ།
ལས་ཁུངས་འདིའི་སྒོ་རའི་ནང་རིན་པ་མི་དགོས་པར་མོ་ཊ་འཇོག་ཆོག་གི་འདུག2025ལོར་ལྷ་སས་ང་ཚོ་མང་ཚོགས་ལ་སྤྲོད་རྩིས་ཡོད་པའི“ཕྱག་རྟགས”ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
ལས་ཁུངས་འདིའི་སྒོ་རའི་ནང་རིན་པ་མི་དགོས་པར་མོ་ཊ་འཇོག་ཆོག་གི་འདུག2025ལོར་ལྷ་སས་ང་ཚོ་མང་ཚོགས་ལ་སྤྲོད་རྩིས་ཡོད་པའི“ཕྱག་རྟགས”ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ
ལས་ཁུངས་འདིའི་སྒོ་རའི་ནང་རིན་པ་མི་དགོས་པར་མོ་ཊ་འཇོག་ཆོག་གི་འདུག2025ལོར་ལྷ་སས་ང་ཚོ་མང་ཚོགས་ལ་སྤྲོད་རྩིས་ཡོད་པའི“ཕྱག་རྟགས”ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com