གཞིས་རྩེའི་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཞུ་རྒྱུར།

政务   2025-01-10 13:16   西藏  


དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ཁྲོད་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་སྐོར་གྱི་གྲོས་འདོན་ཡི་གེ


གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཞུ་རྒྱུར།

    2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཙམ་ལ། ངེད་གྲོང་ཁྱེར་གྱི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་ཚེགས་དང་འགྲན་སློང་དྲག་པོ་འཕྲད་ཡོད། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན་ཉམས་སད་ཐེག་ཐུབ་མིན་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན་ལ་ཏང་གཤིས་ལ་སྦྱོང་བརྡར་དང་སྙིང་སྟོབས་ལ་ཞུན་བརྡར་བཏང་བ་ཞིག་ཀྱང་ཡིན་པས། ངེས་པར་དུ་སྔར་བས་ཏན་ཏིག་གི་སྤྱོད་ཚུལ་ཐོག་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁྲོད་ཞུགས་ཏེ། དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་བར་བྱེད་དགོས། འདིར་གྲོང་ཨུད་སྤྱོད་ཚུལ་ལེགས་གཏོང་གཞུང་ལས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གཤམ་གྱི་གྲོས་འགོ་འདི་དག་འདོན་རྒྱུ་སྟེ།
    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། ཡོམ་འགོག་གེགས་སེལ་ནི་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་། དངོས་སྒྲུབ་འགན་འཁུར། དམངས་ལ་བཅངས་པའི་བརྩེ་སེམས། ནུས་པ་དང་འཇོན་ཐང་བཅས་ལ་ཚོད་བགམ་ཆེན་པོ་བྱེད་པ་ཞིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཡོམ་འགོག་གེགས་སེལ་ལས་དོན་གྱི་ཕན་འབྲས་དངོས་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཐུབ་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞིར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་གྲོང་ཨུད་ཀྱི་བཀོད་སྒྲིག་ཞིབ་ཕྲ་དོན་འཁྱོལ་ནན་ཏན་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་ནང་ཞུགས་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས།
    ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ་གེགས་སེལ་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས། དུས་ཚོད་ནི་ཚེ་སྲོག་དང་ལས་ཕྱོད་ནི་འགན་སྲུང་ཡིན། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁྲོད། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྦད་དེ་དོར་ནས། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཁག་གི་བཀོད་སྒྲིག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་དང་བཀོད་སྒྲིག་ཡག་པོ། ཉེན་སེལ་རོགས་སྐྱོབ་ཀྱི་དངོས་ཟོག་དུས་ཐོག་ཏུ་གཏོང་སྤྲོད། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བཟོ་བར་དམ་འཛིན། རྗེས་འཇུག་གི་ལས་དོན་སོགས་ཡག་པོ་སྒྲུབ་པ་བཅས་བྱེད་པ་དང་། རང་འགུལ་ངང་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཕན་ཚུན་རོགས་རམ་དང་དུས་ངལ་མཉམ་སེལ་ལ་ཁྲིད་སྟོན་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ངོ་མ་ཚོར་ཐུབ་པ་བྱེད་དགོས།
    ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་གེགས་སེལ་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཕན་འབྲས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁྲོད་དངོས་འབྲེལ་མངོན་པར་བྱེད་དགོས།《གཞིས་རྩེ་གྲོང་ཁྱེར་གྱི“1·07”ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོར》ནན་པོ་གཞིགས་ཏེ། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་། འགན་འཁྲི་ཁག་བགོས་དང་དུས་ཚོད་ཀྱི་མཚམས་ཚིགས་ཁ་གསལ་བཟོས་ཏེ་གེགས་སེལ་བྱ་ཐབས་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། གེགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་གེགས་ཁུལ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པའི་འགན་ལེན་བྱེད་དགོས།     
    སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་སྲོལ་བཟང་སྤྱོད་བཟང་ཡོང་བའི་འགན་ལེན་བྱེད་དགོས། ཡོམ་འགོག་གེགས་སེལ་ལས་དོན་གྱི་སྒྲིག་ཁྲིམས་དང་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཡོམ་འགོག་གེགས་སེལ་ལས་དོན་ཁྲོད་འགན་འཛོལ་ཤོར་བ་དང་རང་འགན་གཞན་དཀྲིའི་བྱེད་སྤྱོད་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་དགོས། གེགས་སེལ་གྱི་དངུལ་དངོས་ལ་ལྟ་སྡོམ་དང་བེད་སྤྱོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གེགས་སེལ་དངུལ་དངོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ཐད་དངོས་འབྲེལ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། 
    ས་ཡོམ་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཀྱིས་ཁེངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སེམས་ཤུགས་ཡོད་རྒུ་བཏོན་ཏེ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་བསྟར་ནས་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ཏེ་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནང་ཞུགས་ནས། ཐུན་མོང་ཐོག་གེགས་བར་ལས་རྣམ་པར་རྒྱལ་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།    

གཞིས་རྩེ་གྲོང་ཁྱེར་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

2025ལོའི་ཟླ་1ཚེས་9ཉིན།  


ཀྲུང་དབྱང་ནས་དིང་རིའི་ཡོམ་འགོག་གེཊ་སེལ་སྐོར་ལ་བཀོད་སྒྲིག་གནང་དོན

ཀྲུང་དབྱང་ནས་ཏང་དངུལ་སྒོར་ཁྲི་5000ས་ཡོམ་བརྒྱབ་ཁུལ་དུ་སྤྲད་འདུག

པར་འདི་དག་རྫུན་མ་རེད་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章