གེགས་ཁུལ་དུ་སྒོར་ཁྲི་13000གཏོང་སྤྲོད་བྱས་པ་སོགས་ལས་རིགས་ཁག་གིས…

政务   2025-01-08 21:41   西藏  


     ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཚན་པ་དང་ལྗོངས་ཕྱིའི་རིགས་ཁག་གི་རྩ་འཛུགས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་རོགས་སྐྱོབ་དངོས་ཟོག་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད།

རང་སྐྱོང་ལྗོངས་ནོར་སྲིད་ཐིང་།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ(བོད་ཀྱི་ས་ཡོམ་གནོད་འཚེའི་གེགས་སེལ་ཁ་གསབ་རོགས་དངུལ)སྒོར་ཁྲི་10000གཏོང་སྤྲོད་བྱས་པའི་ཁར་རང་སྐྱོང་ལྗོངས་ཀྱིས་སྔོན་ཚུད་ནས་གཏོང་སྤྲོད་བྱས་པའི་སྒོར་ཁྲི་3000བརྩིས་ན། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་17བར་ཁྱོན་སྒོར་ཁྲི་13000གཏོང་སྤྲོད་བྱས་ཡོད།

བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན།

    མིག་སྔར། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་གཞིས་རྩེའི་ས་ཡོམ་བརྒྱབ་ཁུལ་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་རྒྱུད་དུ་སྐོར་ཞིབ་ལམ་གཤོང་བ་474དང་། འཕྲུལ་ཆས་དང་རླངས་འཁོར་394བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་གཞུང་ལམ་འགྲིམ་འགྲུལ་འཕྲལ་སྡོམ་སྒྲིག་ཆས་དངོས་ཟོག་ལྷ་ས་གསོག་འཇོག་ལྟེ་གནས་ཀྱིས་འཕྲལ་སྡོམ་འཕྲིན་གཏོང་བཀོད་འདོམས་རླངས་འཁོར་དང་། འཕྲལ་སྡོམ་གློག་གཏོང་རླངས་འཁོར་ཚུད་པའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་སྒྲིག་ཆས་རླངས་འཁོར་4ས་གནས་ས་ཐོག་ཏུ་བཏང་ནས་ཉེན་སེལ་དང་གཞུང་ལམ་ཤར་གཏོང་གི་འབྲེལ་ཡོད་འགན་སྲུང་ལས་དོན་བསྒྲུབས་ཡོད།

ཅིང་ཏུང་ཚོགས་པ།

    ཟླ་1ཚེས་7ཉིན་གྱི་ཕྱི་དྲོར། རོགས་སྐྱོབ་དངོས་ཟོག་ཁག་དང་པོ་བླུགས་པའི་ཅིང་ཏུང་ཟོག་འགྲེམས་རླངས་འཁོར་རུ་ཁག་ལྷ་སའི་རིག་ནུས་ཟོག་འགྲེམས་གླིང་ནས་རྡོག་ཐོན་བྱས་ཡོད།

ཨ་ལི་པ་པ།

    ཨ་ལི་པ་པ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཀུང་དབྱང་རོགས་སྐྱོབ་རུ་ཁག་ལ་འཕྲལ་དུ་དིང་རི་རྫོང་དུ་བསྐྱོད་དེ་རོགས་སྐྱོབ་ལས་དོན་སྤེལ་བའི་རོགས་དངུལ་སྤྲད་པ་རེད།

ཧྲུན་ཧྥུང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས།    

    ཧྲུན་ཧྥུང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་འཕྲལ་སྡོམ་དང་ལེན་ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་ནས། ལྷ་ས་གྲོང་ཁྱེར་ནས་འཕྲལ་དུ་ཉོ་སྒྲུབ་བྱས་པའི་གེགས་སེལ་དངོས་ཟོག་ཁག་དང་པོ་རླངས་འཁོར་ནང་བླུགས་ཏེ་དིང་རིའི་གེགས་ཁུལ་ཕྱོགས་སུ་བཏང་བ་རེད།

ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་།

    མང་ཚོགས་ཀྱི་གནས་སྐབས་ཀྱི་མ་དངུལ་དགོས་མཁོ་སྐོང་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ལྷ་རྩེ་རྫོང་ཡན་ལག་དངུལ་ཁང་གིས་གུར་ཕུབ་ནས་དངུལ་ཁང་གི་དངུལ་རྩའི་ཞབས་ཞུ་ས་ཚིགས་བཙུགས་ཏེ། བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་འོག་འཕྲལ་སྡོམ་དངུལ་སྨར་སྒོར་ཁྲི་1000གྲ་སྒྲིག་བྱས་ཏེ། ཐོ་རྒྱག་པའི་ཐོག་ནས་མང་ཚོགས་ཀྱི་དངུལ་སྨར་གྱི་དགོས་མཁོ་བསྐངས་ཡོད།

ལྷོ་ཁ་གྲོང་ཁྱེར།    

    ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་གཏོང་སྤྲོད་བརྡ་ཐོའི་བླང་བྱ་གཞིར་བཟུང་། འཕྲལ་མར་དིང་རི་རྫོང་གི་ས་ཡོམ་བརྒྱབ་ཁུལ་དུ་ཀྲུང་དབྱང་གི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་སྲིང་བལ་ཉལ་ཆས་5000བསྐྱལ་ཡོད།

སྨན་བཅོས་ཁོངས་གཏོགས།

    བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ཧྥུའུ་ཁང་སྨན་ཁང་བཅས་ཀྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་དང་སྒྲིག་ཆས་འཁྱེར་ནས། གེགས་ཁུལ་དུ་བསྐྱོད་དེ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ཡོད།

བོད་ཀྱི་དཔུང་སྡེ་ཞིག  

    བོད་ཀྱི་དཔུང་སྡེ་ཞིག་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་ཁྲག་སྦྱིན་འབུལ་བའི་གྲོས་འགོ་བཏོན་ཡོད། དཔོན་དམག་200ལྷག་ཙམ་ཁྲག་སྦྱིན་འབུལ་བའི་ནང་ཧུར་ཐག་ཞུགས་ནས་ཁྲག་ཧའོ་ཧྲེང་ཁྲི་6ཕུལ་ཡོད།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན།      

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཞིང་། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་18ཙམ་ལ་ཆུ་ལྷོ་ཤང་དུ་འབྱོར་ནས་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་ཡོད།

བོད་ལྗོངས་ལན་ཐུང་ཀུང་སི།

    ཀྲུང་གོ་ལན་ཐུང་ཀུང་སིས་ས་གནས་དེ་གའི་སྲིད་གཞུང་དང་། ཤང་། གྲོང་རྡལ་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཉིན་7རིང་ཆུ་ཚོད་24ཡི་ལས་རེས་སྡོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་དྲ་རྒྱའི་ལྟ་ཞིབ་ཚད་ལེན་དང་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་དྲ་རྒྱ་འཁོར་རྒྱུག་བརྟན་པོ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད།

ཞེ་ཁྲེང་SOSལས་སྟེགས།

    ས་ཡོམ་གྱི་ཤུགས་རྐྱེན་ལ་དམིགས་ནས། ཞེ་ཁྲེང་SOSལས་སྟེགས་ཀྱིས་གནོད་འཚེ་ཕོག་མཁན་གྱི་དགོས་མཁོར་གཞིགས་ཏེ། འགྲུལ་པར་གནས་སྐབས་ཞག་སྡོད་བྱེད་ས་བཀོད་སྒྲིག་དང་། སྨན་བཅོས་རོགས་སྐྱོར། མྱུར་སྐྱོབ་སྨན་བཅོས་དང་སྨན་ཁང་གཞན་དུ་སྐྱེལ་བ། རྒྱུན་མཁོའི་སྨན་རྫས་གྲབས་གསོག་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཡོད།

ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ས་ཡོམ་བརྒྱབ་ཁུལ་དུ་ཕེབས་ནས……

ས་ཡོམ་བརྒྱབ་ཁུལ་ནས་ཝང་ཅུན་ཀྲེང་གིས་གསུངས་དོན།

དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས། (ད་རང་གི་ཆུ་ཚོད་10པ་བར)




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
    ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章