པར་རྫུན་མ་བཟོ་མཁན་དེ་བཟུང་འདུག

政务   2025-01-11 16:08   西藏  

ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས་གང་དེ་མི་རྣམས་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད།

སྐབས་དེར“བུ་ཆུང་ཆུང་གཅིག་ཞིག་རོའི་འོག་ལུས་པའི་པར”མང་པོ་དྲ་རྒྱའི་ཐོག་ཏུ་བརྒྱུད་བསྐུར་བྱེད་བཞིན་ཡོད་པ་མ་ཟད། འོག་ཏུ་གཞིས་རྩེའི་ས་ཡོམ་བརྒྱབ་ཁུལ་ཡིན་པའི་སྐོར་བཀོད་ཡོད་པས་དྲ་དམངས་ཁྲི་མང་པོས་དོ་ཁུར་བྱས་ཡོད།



པར་དེར་AIཡིས་བཟོས་པའི་ཤུལ་མང་པོ་ཡོད་པར་གཞིགས་ནས། སྤྱི་བདེ་ལས་ཁུངས་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། གོང་གསལ་གྱི་པར་དེ་དག་ནི་AIཡི་ལག་རྩལ་སྤྱད་ནས་བཟོས་པ་དང་པར་དང་ཐོག་བཟོ་མཁན་དེས་2024ལོའི་ཟླ་11ཚེས་18ཉིན་པར་དེ་དག་གིས་བརྙན་ཐུང་ཞིག་ཀྱང་བཟོས་ཡོད་པ་དང་། སྐབས་དེར་ས་ཡོམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་བཀོད་མེད་པ་མ་ཟད་དེ་དག་ཚང་མ་AIཡིས་བཟོས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།


    ཞིབ་བཤེར་བྱས་པ་བརྒྱུད། མཚོ་སྔོན་གྱི་དྲ་དམངས་ཤིག་གིས་མི་རྣམས་ཀྱི་དོ་སྣང་ཐོབ་ཆེད། “ཕྲུ་གུ་གཅིག་ཞིག་རོའི་འོག་ཏུ་ལུས་པའི་པར”དེ་དང་གཞིས་རྩེའི་ས་ཡོམ་གྱི་འབྲེལ་ཡོད་ཆ་འཕྲིན་མཉམ་དུ་སྦྲགས་ནས་བསྐུར་བས་མི་རྣམས་ལ་གོ་འཛོལ་ཐེབས་ཏེ་དཀྲོག་གཏམ་གྱི་ཆ་འཕྲིན་དེ་གང་སར་ཁྱབ་ཡོད། མིག་སྔར་གྱོད་འབྲེལ་མི་སྣ་ཁོངས་གཏོགས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད་པ་རེད།


ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།


ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་ཆོས་གྲུབ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章