ཁྱེད་རྣམ་པ་སྐུ་ལས་ཁག་སོང་། ང་ཚོས་སྙིང་དབུས་ནས་གུས་འདུད་ཞུ་གི་ཡིན

政务   2025-01-11 12:30   西藏  



     ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད།  མི་དམངས་ཉེན་རྟོག་པས་གནོད་འཚེའི་གནས་ཚུལ་གོ་མ་ཐག་འཕྲལ་མར་གེགས་ཁུལ་དུ་བསྐྱོད་པ་རེད།

    
   ཡོམ་ཁུལ་གྱི་གང་ས་ནས་ཁོང་རྣམ་པས་བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བར”འགྲེལ་པ་རྒྱག་བཞིན་ཡོད།



    མི་དམངས་ཉེན་རྟོག་པས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ཀྱི་ལས་ལ་འབད་བཞིན་ཡོད།









    གང་དུ་མང་ཚོགས་ཡོད་ན་དེ་གར་ཁོང་རྣམ་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།












    “ངས་བྱས་པའི་ལས་ཀ་ཚང་མ་ནི་མི་དམངས་ཉེན་རྟོག་པ་ཞིག་གིས་སྒྲུབ་འོས་པ་ཤ་སྟག་རེད”
    “མང་ཚོགས་ལ་རོགས་རམ་མང་ཙམ་བྱེད་ཐུབ་ན་དེ་བས་བློ་བདེ་རུ་འགྲོ་གི་འདུག”
    “ང་ཚོ་ཡོད་པས་ཁྱེད་རྣམས་ཐུགས་བློ་བདེ་པོ་གནང”
    ……


    མི་དམངས་ཉེན་རྟོག་པ་རྣམ་པས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཧ་ཅང་ཆེན་པོ་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད།
    ཁྱེད་རྣམ་པ་སྐུ་ལས་ཁག་སོང་།

ཝང་ཅུན་ཀྲེང་གིས་ཡོམ་འགོག་གེཊ་སེལ་ལས་དོན་འདི་ལྟར་སྤེལ་དགོས་གསུངས།
ཡོམ་ཁུལ་དུ་དྲོད་ཚད་དམའ་ཤོས་ -16℃ལ་སླེབས་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་…
དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་ཆོས་གྲུབ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章