ལས་ཁུངས་འདིའི་སྒོ་རའི་ནང་རིན་པ་མི་དགོས་པར་མོ་ཊ་འཇོག་ཆོག་གི་འདུག

政务   2025-01-02 18:36   西藏  


“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང”གི་སྐད་འཕྲིན་སྤྱི་རྟགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒོ་རའི་ནང་རེས་གཟའ་སྤེན་པ་དང་ཉི་མ་དེ་བཞིན་དུས་ཆེན་དང་ངལ་གསོའི་རིང་རིན་པ་མི་དགོས་པར་རླངས་འཁོར་འཇོག་ཆོག་པ་དང་གསང་སྤྱོད་ལ་འགྲོ་ཆོག་པ་སྟེ།

རླངས་འཁོར་འཇོག་ཆོག་པའི་དུས་ཚོད། རེས་གཟའ་སྤེན་པ་དང་ཉི་མ་དེ་བཞིན་དུས་ཆེན་དང་ངལ་གསོའི་རིང་། 9:00-20:00

གསང་སྤྱོད་ལ་འགྲོ་ཆོག་པའི་དུས་ཚོད། རེས་གཟའ་སྤེན་པ་དང་ཉི་མ་དེ་བཞིན་དུས་ཆེན་དང་ངལ་གསོའི་རིང་། 9:00-19:00

འཇོག་ཆོག་པའི་རླངས་འཁོར་གྱི་རིགས། རྐུབ་སྟེགས་7ཅན་དང་དེའི་མན་གྱི་འགྲུལ་འཁོར་ཆུང་གྲས།


         བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་།   
⬇⬇⬇ 
 


དོ་སྣང་བྱ་ཡུལ།

1.ཁ་ལོ་བས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དོ་དམ་ལ་བརྩི་སྲུང་ཞུས་ཏེ་གཏན་འཁེལ་གྱི་ས་ཁོངས་དང་གཏན་འཁེལ་གྱི་དུས་ཚོད་ནང་གོ་རིམ་ལྡན་པའི་ངང་རླངས་འཁོར་འཇོག་པ་མ་ཟད་རང་འགུལ་ངང་བདེ་སྲུང་མི་སྣར་གཞོགས་འདེགས་ཀྱིས་ཐོ་འགོད་གནང་རོགས།

2.གསང་སྤྱོད་དུ་འགྲོ་མཁན་གྱིས་ཚན་པའི་དོ་དམ་ལ་བརྩི་སྲུང་ཞུས་ཏེ་རང་འགུལ་ངང་སྒོ་སྲུང་མི་སྣར་གཞོགས་འདེགས་ཀྱིས་ཐོ་འགོད་གནང་རོགས།

3.སྒོ་རའི་ནང་དུ་རླངས་འཁོར་གྱི་ལས་འཛོལ་ཐོན་པ་དང་རླངས་འཁོར་ནང་གི་ཅ་དངོས་བརླགས་ཚེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་གྱི་མེད།

4.ཁ་ལོ་བ་དང་གསང་སྤྱོད་དུ་འགྲོ་མཁན་གྱིས་དཔེ་མཛོད་ཁང་གི་སྤྱི་པའི་སྒྲིག་བཀོད་ལ་གཅེས་སྤྲས་དང་སྤྱི་པའི་སྒྲིག་ལམ་ལ་རང་འགུལ་ངང་བརྩི་སྲུང་ཞུ་དགོས།

5.བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རླངས་འཁོར་འཇོག་སའི་དོ་དམ་ལ་བརྩི་སྲུང་མི་ཞུ་བའི་རིགས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རླངས་འཁོར་འཇོག་ཏུ་མི་འཇུག་པའི་དབང་ཆ་ཡོད། རྩོད་པ་ཤོར་བའམ་རྐང་བཙུགས་ནས་སྒྲིག་ལམ་ལ་བརྩི་སྲུང་མི་ཞུ་བའི་རིགས་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་ཀྱི་ཡིན།

6.གཏན་འཁེལ་གྱི་དུས་མཚམས་ལས་བརྒལ་ནས་རླངས་འཁོར་བཞག་པ་མ་ཟད་བདེ་སྲུང་མི་སྣའི་ལས་ཀར་གཞོགས་འདེགས་མ་བྱས་རིགས་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ་ཡིན།




ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་བསྒྲོན་རྒྱུ་རེད་འདུག

2025ལོར་ལྷ་སས་ང་ཚོ་མང་ཚོགས་ལ་སྤྲོད་རྩིས་ཡོད་པའི“ཕྱག་རྟགས”

ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།  ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章