ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་གནས་ཚུལ་འདི་རིགས་ལ་དོཊ་ཟོན་གྱིས་དང་།

政务   2025-01-06 17:07   西藏  



        ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཅུས་ཀྱིས“རྐུ་འཕྲོག་བསླུ”གསུམ་གྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞིར་དམིགས་ཏེ། མུ་མཐུད་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་བསྟུད་མར་གྱོད་གཞི་མང་པོ་རྩད་ཆོད་པ་རེད།



 གྱོད་དཔེ་དང་པོ།
       2024ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་19ཙམ་ལ། ཏུང་ཙུན་མིང་ཁྲེང་ཁུལ་ཆུང་གི་གྲོང་མི་ཞིག་གིས། ཁུལ་ཆུང་དུ་བཞག་པའི་རང་ཉིད་ཀྱི་པུན་ཐན་SUVརླངས་འཁོར་ནང་གི་དངུལ་སྨར་སྒོར་100དང་། ཐ་མག་སྒམ་ཆུང་6  དབྱར་རྩྭ་དགུན་འབུ་རྐང་3  ཕྱི་རྒྱལ་གྱི་དངུལ་ལོར་4བཅས་བརྐུས་འདུག་ཅེས་ཉེན་དོན་སྙན་སེང་ཞུས་པ་རེད།
      ཉེན་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པ་འཕྲལ་མར་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད་པ་དང་། གློག་མིག་ལ་བལྟས་པ་བརྒྱུད། ཟླ་12ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ། དོགས་ཡོད་ཉེས་ཅན་པ་གཉིས་ཀྱིས་རླངས་འཁོར་གྱི་སྒོ་བརྒྱབ་མེད་པའི་སྐབས་དང་བསྟུན་ནས་དེའི་ནང་གི་ཅ་དངོས་བརྐུས་པ་ཤེས་རྟོགས་བྱུང་བ་རེད།
      དེ་རྗེས་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཀྱི་བརྟག་དཔྱད་ལས་དོན་སྤེལ་ནས་དོགས་ཡོད་མི་སྣའི་ཁུངས་སྣེ་བཙལ་མཐར། ཏུང་ཙུན་མིང་ཁྲེང་གི་རྒྱལ་སྒོའི་གློག་མིག་ནས་དོགས་ཡོད་མི་སྣའི་ངོ་རིས་གསལ་པོར་མཐོང་བ་རེད།


     ཕྱི་ཉིན་དགོང་མོའི་ཆུ་ཚོད་22ཙམ་ལ། དོགས་ཡོད་མི་སྣ་བསྟན་ཆེ་གེ་མོ་མངགས་གཏོང་ཁང་དུ་སྐད་བཏང་ནས་འདྲི་རྩད་བྱས་པས། དོགས་ཡོད་མི་སྣ་གཅིག་ཤོས་ཉི་ཆེ་གེ་མོའི་ཆ་འཕྲིན་དང་སྡོད་གནས་ཀྱང་རྩད་ཆོད་པ་རེད། ཆུ་ཚོད་23དང་སྐར་མ་30ཙམ་ལ། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་རྔ་ཆེན་ལམ་གྱི་ཨར་ཁང་ཞིག་ནས་ཉི་ཆེ་གེ་མོ་བཟུང་བ་རེད། དོགས་ཡོད་མི་སྣ་དེ་གཉིས་ཀྱིས་ཚེས་29ཉིན་རླངས་འཁོར་ནང་གི་ཅ་དངོས་བརྐུས་པའི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

     2025ལོའི་ཟླ་1ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་19ཙམ་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་གཞིར་བཟུང་། དོགས་ཡོད་མི་སྣ་དེ་གཉིས་ལ་སྲིད་འཛིན་བཀག་ཉར་ཉིན་བཅུའི་ཆད་པ་བཅད་པ་རེད།




 གྱོད་དཔེ་གཉིས་པ།
     ཉེ་ཆར། དོག་སྡེ་ལམ་དང་གྲྭ་བཞི་ལམ་གྱི་ལམ་མདོ་ཁར་ཡོད་པའི་ཙག་ཙིག་ཚོང་ཁང་ཞིག་ལ་རྐུན་མ་ཤོར་འདུག་ཅེས་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་ཞིག་འབྱོར་བ་རེད།
     ཉེན་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པས་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། 2024ལོའི་ཟླ་12ཚེས་24ཉིན་གྱི་ཆུ་ཚོད་5པ་ཙམ་ལ། དོགས་ཡོད་མི་སྣས་ཚོང་ཁང་གི་སྒོ་ལྕགས་བཅག་ནས་ཚོང་སྒྲོམ་སྟེང་བཞག་པའི་དངུལ་སྨར་སྒོར་3000ཙམ་བརྐུས་པ་རེད།
     བརྟག་དཔྱད་བྱེད་རིང་། ད་དུང་དོགས་ཡོད་མི་སྣས་ཉིན་དེའི་ཐོ་རེངས་སུ་གྲྭ་བཞི་ལམ་གྱི་གསོལ་མགྲོན་ཁང་དང་ཇ་ཁང་ཞིག་གི་སྒོ་ལྕགས་དང་སྒེའུ་ཁུང་བཅག་ནས་རྐུ་བརྒྱབ་པ་ཤེས་རྟོགས་བྱུང་བ་རེད། དེ་བཞིན་ཉེན་རྟོག་ཕྱོགས་ཀྱིས་གློག་མིག་བརྒྱུད་དོགས་ཡོད་མི་སྣ་བསྡད་པའི་རླངས་འཁོར་གྱི་ཨང་གྲངས་རྩད་ཆོད་ནས་ལམ་སེང་རླངས་འཁོར་གྱི་བདག་པོར་འབྲེལ་བ་བྱས། དེ་རྗེས་རླངས་འཁོར་དེའང་དོགས་ཡོད་མི་སྣས་བརྐུས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།
     གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཆུ་ཚོད་10ཙམ་རིང་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད། རླངས་འཁོར་འདེད་ལེན་ཐུབ་པ་མ་ཟད་དོགས་ཡོད་མི་སྣ་གང་དུ་ཡོད་མེད་རྩད་ཆོད་པ་རེད། དེ་ནས་དོགས་ཡོད་མི་སྣ་བློ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། པ་ཆེ་གེ་མོ། ཐུབ་ཆེ་གེ་མོ། རྡོ་ཆེ་གེ་མོ་བཅས་ཁྲིམས་ལྟར་ཚོད་འཛིན་བྱས་པ་དང་འབྲེལ་མངགས་གཏོང་ཁང་དུ་ཁྲིད་ནས་རེ་རེ་བཞིན་འདྲི་རྩད་བྱས་པ་རེད། འདྲི་རྩད་བྱས་པ་བརྒྱུད། བློ་ཆེ་གེ་མོ་དང་། པ་ཆེ་གེ་མོ། བསྟན་ཆེ་གེ་མོ་སོགས་མི་ལྔ་ཡིས་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།


     མཐར་དོགས་ཡོད་མི་སྣའི་སྡོད་ས་ནས་བརྐུས་པའི་ལག་ཐོགས་ཁ་པར་གཅིག་དང་། ཧྭ་ཝེ་རྟགས་ཅན་གྱི་ipadགཅིག དངུལ་སྨར་སྒོར་910 མའོ་ཐའེ་ཨ་རག་ཤེལ་དམ་4བཅས་འདེད་ལེན་ཐུབ་པ་མ་ཟད། ད་དུང་དོགས་ཡོད་མི་སྣ་དང་ངན་རོགས་ཀྱིས་ས་ཆ་གཞན་དུ་ཁྲིམས་འགལ་ཉེས་གསོག་བྱས་པའི་ཁུངས་སྣེ་ཁྱོན་24ཞིབ་བཤེར་རྩད་གཅོད་ཐུབ་པ་རེད།
     མིག་སྔར་གྱོད་གཞི་དེའི་དོགས་ཡོད་མི་སྣ་དང་དེ་བཞིན་འདེད་ལེན་ཐུབ་པའི་རྒྱུ་དངོས་དག་མངགས་གཏོང་ཁང་དུ་བཅའ་སྡོད་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་རུ་ཁག་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ལ་རྩད་ཆོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་སྔར་བས་ཞིབ་དཔྱད་བྱེད་པ་དང་འབྲེལ་རྐུ་ཤོར་བའི་རླངས་འཁོར་དེ་འཁོར་བདག་ལ་ཕྱིར་སྤྲོད་དགོས་པའི་བརྡ་ཐོའང་བཏང་བ་རེད།



































































▶ གློག་སྒུལ་སྦག་སྦག་འདི་རིགས་ལ་སྲིད་གཞུང་ནས་ཁ་གསབ་སྤྲོད་ཀྱི་འདུག

▶ སྙན་དབྱངས་རྣ་བའི་བུ་རམ།

ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཉི་མ་ཆོས་གྲུབ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com



西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章