ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བཀོད་སྒྲིག་གསར་པ་གནང་འདུག

政务   2025-01-11 13:35   西藏  

     ཟླ་1ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་1ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་ནས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 

ཚོགས་ར།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར། ཡོམ་འགོག་གེགས་སེལ་གྱི་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཡོམ་འགོག་གེགས་སེལ་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། བསྟུད་མར་དམག་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་ལས་དོན་དེ་བས་ཞིབ་ཕྲ་དང་ཏན་ཏིག་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། བཀོད་སྒྲིག་དང་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་དགོས་ཤིང་། རྨང་གཞིའི་སྒྲིག་བཀོད་ཉམས་གསོའི་ལས་དོན་ལ་དམ་འཛིན་བྱེད་པ་དང་སྒྲིག་བཀོད་དང་དངོས་ཟོག་སྣ་ཚོགས་ཆ་ཚང་བ་སྤྲོད་པ། ཆུ་དང་། གློག འཕྲིན། དྲོད། གསང་སྤྱོད། རིམས་འགོག མེ་འགོག བདེ་འཇགས་ཀྱི་སྒོ་ནས་གློག་སྤྱོད་པ་སོགས་ཀྱི་ལས་དོན་ཏན་ཏིག་དང་ལེགས་པར་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་སྨན་བཅོས་ཀྱི་གཞི་རྩའི་དགོས་མཁོར་འགན་ལེན་ཏན་ཏིག་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། སྨན་བཅོས་ཞབས་ཞུ་ཞིབ་ཚགས་སྤེལ་དགོས་ཤིང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་སྐྱོབ་བཅོས་མི་སྣ་བཀོད་སྒྲིག་བྱེད་པ། སྐོར་ཞིབ་སྨན་བཅོས་དང་འགོ་ནད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། གེགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སེམས་ཁམས་གསོ་བའི་ཞབས་ཞུ་མུ་མཐུད་སྤེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་དངོས་ཟོག་ལ་དོ་དམ་བྱེད་དགོས་ཤིང་། གྲོན་ཆུང་ནུས་ཆེ་དང་ཡོངས་བསྒྲགས་ཁ་གསལ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བ། ཕན་ནུས་ཆེ་བ་བཅས་ཀྱི་དངོས་ཟོག་ཐད་ཀར་འབྱོར་བའི་ལམ་སྲོལ་འཛུགས་པ་དང་། རོགས་སྐྱོབ་དངོས་ཟོག་རིགས་དབྱེ་དོ་དམ་དང་ཚད་ལྡན་ཉར་ཚགས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དྲང་གཞག་དྲང་བདེན་གྱི་སྒོ་ནས་དངོས་ཟོག་གཤམ་སྤྲོད་ལས་དོན་ལེགས་པར་སྒྲུབ་པ། དངོས་ཟོག་ཡོད་ཚད་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྡན་པའི་སྒོ་ནས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ཐད་སྤྱོད་པའི་འགན་ལེན་བཅས་བྱས་ཏེ། ཏང་གི་དྲོ་སྐྱིད་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མཚོན་པའི་དངུལ་དངོས་དུས་ཐོག་ཏུ་མང་ཚོགས་ཀྱི་ལག་ཏུ་སྤྲོད་དགོས། བསྐྱར་སྐྲུན་གྱི་འཆར་འགོད་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་དགོས་ཤིང་། ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་། དངོས་ཐོག་བདེན་འཚོལ་དང་དཔེ་བཞག་རིགས་འགྲེ་མཐའ་འཁྱོངས་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། སྟོབས་ཤུགས་བསྡུ་རུབ་ལ་སྤྱི་འདོམས་བྱེད་པ། འཕྲལ་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཡོམ་འགོག་གི་བདེ་སྡོད་ལས་གྲྭ་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ། འཛུགས་སྐྲུན་གྱི་དུས་རིམ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། གེགས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་གང་མགྱོགས་སླར་གསོ་བྱས་ནས་སློབ་གྲྭ་འབྲིང་ཆུང་བདེ་བླག་ངང་སློབ་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ལས་དོན་ནན་ཏན་ཞིབ་ཚགས་ཀྱིས་ལེགས་པར་སྒྲུབ་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པར་ཁྲིད་སྟོན་བྱས་ཏེ་བརྩེ་བ་དངོས་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། ཡོང་འབབ་ལ་ལྟ་ཞིབ་ཚད་ལེན་ཏན་ཏིག་བྱས་ནས་དུད་ཚང་རེར་ཐབས་ཇུས་རེ་བཟོས་ཏེ་འབབ་འཕར་ཡོང་ཐབས་བྱེད་པ་དང་། རོགས་སྐྱོབ་སྲིད་ཇུས་གནད་ལ་འཁེལ་པོས་དོན་འཁྱོལ་བྱས་ཏེ་གནོད་འཚེའི་དབང་གིས་སླར་ཡང་དབུལ་པོར་མི་འགྱུར་བར་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་བྱེད་དགོས་ཤིང་། ཁུངས་བཙན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ཡག་པོ་བྱེད་པ་དང་། གཞི་རིམ་གྱི་ཡོམ་འགོག་གེགས་སེལ་གྱི་དཔེ་མཚོན་བྱས་རྗེས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ལས་བྱེད་པ་དང་དཔུང་སྡེའི་དཔོན་དམག་གི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤེལ་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་ཤིང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་བེད་སྤྱོད་བྱེད་པ་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ་བཅས་བྱས་ནས་གེགས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་ཏན་ཏིག་བྱེད་དགོས། 



ཝང་ཅུན་ཀྲེང་གིས་ཡོམ་འགོག་གེཊ་སེལ་ལས་དོན་འདི་ལྟར་སྤེལ་དགོས་གསུངས།
ཡོམ་ཁུལ་དུ་དྲོད་ཚད་དམའ་ཤོས་ -16℃ལ་སླེབས་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་…
དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章