ཡུག་རེན་གྱི་ཙུང་ཐུང་གིས་བཤད་དོན།

民生   2024-11-06 16:30   北京  

   ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་4ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག དེ་ཉིན་ཁོ་པས་ཡུག་རེན་གྱི་ཆེས་མཐོའི་བཀོད་འདོམས་པུའི་ཚོགས་འདུ་འཚོགས་ནས། ཚོགས་འདུའི་ཐོག་ཨུ་རུ་སུའི་“ཧྲ་ཞི་ཏེའི་”མི་མེད་གནམ་གྲུར་ཁྱོན་ཡོངས་ནས་རྡུང་རྡེག་གཏོང་རྒྱུའི་གནད་དོན་དམིགས་སུ་བཀར་ནས་གྲོས་བསྡུར་བྱས་པ་རེད། ཙེ་ལན་སི་ཅི་ཡིས། ད་ཆ་ཨུ་རུ་སུས་སྤྱོད་པའི་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུའི་གྲངས་འབོར་ན་ནིང་སྟོན་ཀའི་གྲངས་འབོར་ལས་ལྡབ་བཅུ་ཙམ་འཕར་ཡོད་ལུགས་བསྟན།

   གཞན་ཡང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག ད་དུང་ས་ཁུལ་ཁག་གི་མཁའ་ཟོན་ནུས་པ་ཆེ་རུ་གཏོང་རྒྱུའི་གནད་དོན་གཙོ་གནད་དུ་གྲོས་བསྡུར་བྱས་ཤིང་། དེའི་ནང་མཁའ་འགྲུལ་བཀག་གཏོར་འབར་མདེལ་གྱི་གྲངས་འབོར་མང་དུ་གཏོང་རྒྱུ་དང་། འཕྲུལ་སྒུལ་མེ་ཤུགས་ཚོགས་ཆུང་མང་དུ་གཏོང་རྒྱུ། མཚོན་ཆ་རང་བརྟེན་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་དང་། དེ་བཞིན་རྒྱང་འཕེན་མཚོན་ཆ་དེ་བས་མང་བ་དགོས་པ་སོགས་ཚུད་ཡོད་པ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章