ཨ་རིའི་གནམ་ཐང་གྲུ་གཟིངས་འདི་ནས་ཕྱིར་འཐེན་བྱས།

民生   2024-11-22 11:31   北京  

    ཚེས་19ཉིན། ཨ་རིའི་རྒྱལ་སྲུང་པུའི་མགྲིན་ཚབ་པ་གཞོན་པ་ས་པུའུ་ལི་ན·ཞིན་ཀེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཨ་དམག་གི“ཨ་པོ་ལ་ཧན·ལིན་ཁེན”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཁང་གི“འགན་འཁྲིའི་ས་ཁོངས”ནས་ཁ་བྲལ་ཟིན་པ་བསྟན། ཞིན་ཀེ་ཡིས་གནམ་ཐང་གྲུ་གཟིངས་གཞན་གྱིས“ཨ་པོ་ལ་ཧན·ལིན་ཁེན”རྟགས་ཅན་གྱི་ཚབ་བྱེད་མིན་སྐོར་བཤད་མེད།

    ན་ནིང་ཟླ་བཅུ་པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཐོན་པ་ནས་བཟུང་། དབུས་ཤར་ས་ཁུལ་དུ་ཨ་རིའི་གནམ་ཐང་གྲུ་གཟིངས་ཧ་ལམ་ཐོག་མཐའ་བར་གསུམ་དུ་གནས་པ་མ་ཟད། སྐབས་འགར་གནམ་ཐང་གྲུ་གཟིངས་གཉིས་དུས་གཅིག་ཏུ་ས་ཁོངས་དེར་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། “ཨ་པོ་ལ་ཧན·ལིན་ཁེན”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ད་ལོའི་ཟླ་8པར་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་ཤིང་། ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། གནམ་ཐང་གྲུ་གཟིངས་དེ་ཕྱིར་འཐེན་བྱས་རྗེས་དབུས་ཤར་ས་ཁུལ་དུ་སྐབས་ཤིག་རིང་ཨ་རིའི་གནམ་ཐང་གྲུ་གཟིངས་མེད། གཞན་ཡང་ཨ་རིའི་མཚོ་དམག་སློབ་ཚོགས་ཀྱི་གསར་འགྱུར་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། མིག་སྔར“ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ནུབ་རྒྱ་མཚོ་ཆེན་པོ་ཤར་མ་ནས་ས་དབུས་རྒྱ་མཚོར་སྐྱོད་བཞིན་ཡོད་པ་དང་། དེ་རྗེས་ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཁང་གི“འགན་འཁྲིའི་ས་ཁོངས”སུ་སྐྱོད་ཤས་ཆེ་ཟེར།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章