ས་གནས་དེ་གའི་དུས་ཚོད་ཚེས་20ཉིན། ཕ་ལེ་སི་ཐན་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཀ་ཟཱ་ས་ཁུལ་གྱི་བྱང་རྒྱུད་དང་། ལྷོ་རྒྱུད། དབུས་རྒྱུད་བཅས་ཀྱི་ས་ཁུལ་མང་པོར་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི་25རྐྱེན་ལམ་དུ་ཤོར་བ་རེད།
དབྱི་སི་རལ་དམག་དཔུང་གིས་ཚེས་20ཉིན་ཚེས་19ཉིན་གྱི་དགོང་མོ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་ཅེ་ཉིང་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་10བསད་ཡོད་ཅེས་ཀྱང་བཤད་པ་རེད།
ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁཱ་སང་མདའ་ཤོག་གིས་ཚེས་20ཉིན། དྲག་ཆས་དེས་ཀ་ཟཱ་ས་ཁུལ་གྱི་བྱང་རྒྱུད་པའེ་ཐེ་ལ་ཤིས་ཡར་དབྱི་སི་རལ་དམག་དཔུང་གི་དམག་མི་དང་རླངས་འཁོར་ལ་འཇབ་རྒོལ་བྱས་ཡོད་ཅེས་བཤད། དབྱི་དམག་གིས་དབྱི་དམག་གི་དམག་མི་ཞིག་ཉིན་དེར་ཀ་ཟཱ་ས་ཁུལ་གྱི་བྱང་རྒྱུད་དུ་ཤི་ཡོད་ལུགས་བཤད།