ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་དུས་ཡུན་ལ་གཟོབས།

民生   2024-11-25 19:02   北京  

    ཉེ་ཆར། རྒྱལ་ཡོངས་ས་ཆ་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན།  ཁག་དང་པོའི་གོ་ཆོད་དུས་ཡུན་ལོ་20ཡིན་པའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་བསྟུད་མར་དུས་ཡུན་ཐིམ་ནས་ལག་ཁྱེར་བརྗེ་མཁན་མང་བའི་དུས་ལ་སླེབས་རྒྱུ་རེད། དེ་ནས་ལག་ཁྱེར་ཇི་ལྟར་བརྗེ་དགོས་སམ། ཐབས་ལམ་འདི་སེམས་ལ་བཟུང་རོགས། 

ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་སོང་ན་ལག་ཁྱེར་གང་ལྟར་བརྗེ་དགོས་སམ།

   རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྟེང་གི་གོ་ཆོད་དུས་ཚད་ལ་གསལ་པོར་ལྟོས་དང་།  

   གྲོང་མིས་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་མ་ཐིམ་གོང་གི་ཟླ་བ་3ནང་བརྗེ་ཆོག་པ་དང་། ཞིང་ཆེན་ཁག་ཅིག་གིས་ལག་ཁྱེར་བརྗེ་བའི་དུས་ཚོད་ལེགས་སྒྲིག་དང་ལྷུག་ཏུ་བཏང་བ་སྟེ། གོ་ཆོད་དུས་ཚོད་མ་རྫོགས་གོང་གི་ཟླ་བ་6ནང་བརྗེ་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

ཤ་ཚའི་དྲན་སྐུལ། 

ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་དུས་ཚོད་ནི་ལས་ཀའི་དུས་ཚོད་ཉིན་10ནས་25བར་ཡིན་པ་དང་། ལག་ཁྱེར་བརྗེ་དགོས་པའི་གྲོང་མིས་རང་ངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་མ་ཐིམ་གོང་གི་ཟླ་1ནས་2བར་བརྗེ་ཆོག་གི་ཡོད་པ་རེད།

ཐོབ་ཐང་ལག་ཁྱེར་ཇི་ལྟར་ལེན་དགོས། 

   གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ“རྒྱལ་ཡོངས་ལ་ཁྱབ་པ་”མངོན་འགྱུར་བྱུང་ནས། ཐེམ་ཐོ་གནས་ཡུལ་དུ་བསྡད་མེད་པའི་གྲོང་མིས་ཀྱང་དེ་སྔའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཐག་ཉེ་སའི་སྤྱི་བདེ་མངགས་གཏོང་ཁང་གི་ཕྱོགས་བསྡུས་སྐར་ཁུང་བདམས་ཏེ་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་རེ་ཞུ་བྱེད་ཆོག 

   གྲོང་མིའི་ལག་ཁྱེར་བརྗེ་རྒྱུར་སྟབས་བདེ་ཡོང་ཆེད། ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་དྲ་ཐོག་ནས་སྒྲུབ་པ་དང་རང་འགུལ་ཞབས་ཞུའི་ལས་དོན་སྤེལ་ཡོད་པ་རེད།

   གྲོང་མིས་སྤྱི་བདེ་སྡེ་ཁག་གི་དྲ་ཐོག་གི་ཁ་ཆད་བྱེད་པའི་ལས་སྟེགས་བརྒྱུད་དེ་འགྲོ་ལུགས་གཉེར་བའི་དུས་ཚོད་ཁ་ཆད་བྱེད་པའམ་ཡང་ན་ཐད་ཀར་དྲ་ཐོག་ནས་གཉེར་ཆོག  རང་འདེམས་ཞབས་ཞུའི་མཐའ་སྣེ་བརྒྱུད་ནས་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་རེ་ཞུ་དང་གྲོན་འཇལ་སོགས་ཀྱི་བཀོལ་སྤྱོད་ཀྱང་བྱས་ཆོག 

གྲོན་བསྡུའི་ཚད་གཞི། 

   དུས་ཡུན་ཐིམ་རྗེས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་མ་གནས་གྲོན་དངུལ་ནི་ལག་ཁྱེར་རེར་སྒོར་20རེད། 

   གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་གྱི་གྲོན་དངུལ་བོར་བརླག་སོང་ནས་གསབ་ལེན་བྱེད་པའམ་ཡང་ན་ཆག་སྐྱོན་ཤོར་བ་ཡིན་ན་ལག་ཁྱེར་རེར་སྒོར་40རེད།

ཐོབ་ཐང་ལག་ཁྱེར་གསར་པ་ཇི་ལྟར་ལེན་དགོས། 

   སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་བཟོས་ཚར་རྗེས། སྔོན་བཞག་ལག་ཁྱེར་ཁ་པར་ཨང་གྲངས་ཐོག་ཏུ་དྲན་སྐུལ་འཕྲིན་ཐུང་བསྐུར་ཚེ། ལས་སྒོ་བདག་སྤྲོད་བྱེད་མཁན་གྱི་ཐེམ་ཐོ་ཁང་ནས་ལེན་ཆོག་གི་ཡོད་པ་རེད།  

   གཞན་ཡང་། སྦྲག་ཐོག་ནས་གཏོང་བའི་ཞབས་ཞུ་འདེམས་ཆོག་ལ། དེ་མངགས་གཏོང་ཁང་ཏུ་ཡོང་ནས་ལེན་དགོས་ཀྱི་མེད། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱིམ་དུ་སྐྱེལ་བའི་ཞབས་ཞུ་དེ་ངེས་པར་དུ་ལག་ཁྱེར་གཉེར་བའི་ཉིན་དེའི་ཆུ་ཚོད་22:00ཡི་གོང་དུ་རེ་ཞུ་བྱེད་དགོས་པ་དང་། སྦྲག་ཐོག་ནས་བསྐུར་བའི་འགྲོ་གྲོན་རང་ཉིད་ཀྱིས་སྤྲོད་དགོས། 

ཐོབ་ཐང་ལག་ཁྱེར་པར་ལེན་པར་ངེས་པར་དུ་ཤེས་དགོས་རྒྱུ། 

    ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱེད་སྐབས་བསྐྱར་དུ་པར་རྒྱག་དགོས་ཀྱི་ཡོད། ཐོབ་ཐང་ལག་ཁྱེར་གྱི་པར་ནི་ཞྭ་མོ་གྱོན་མེད་པའི་པར་ཚོན་ཁྲ་ཅན་ཡིན་དགོས་པ་དང་། པར་རྒྱག་སྐབས་ངེས་པར་དུ་སྡོད་སྟངས་ཡག་པོ་དགོས་པ་དང་མགོ་དྲང་པོ་བྱས་ནས་སྡོད་དགོས། 

ཐོབ་ཐང་ལག་ཁྱེར་པར་ལེན་པར་མཉམ་འཇོག་དགོས་དོན། 

    ལས་གོས་མི་གྱོན་པ་དང་། གོས་གོང་བ་མཐོན་པོ་མི་གྱོན་པ། ལྭ་བ་མདོག་ནག་པོའི་རིགས་གྱོན་ཆོག (འོན་ཀྱང་མདོག་དཀར་པོའི་རིགས་ཀྱི་སྟོད་ལྭ་གྱོན་མི་རུང་།)

  •     རྒྱུན་དུ་མིག་ཤེལ་གྱོན་པའི་སྡོད་དམངས་ཀྱིས་མིག་ཤེལ་གྱོན་དགོས། 


  •     གདོང་ལ་བྱུག་རྫས་འདྲ་མིན་མི་བྱུག་ཅིང་སྐྲ་རྩི་བརྒྱབ་མི་ཆོག  

  •    གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་ལས་གཞན། སྐྱེས་པས་ཁ་སྤུ་མཐུག་པོ་འཇོག་མི་ཆོག 

  •    ཞྭ་མོ་དང་རྒྱན་ཆ་མི་གྱོན་པ། 

  •    པར་རྒྱག་དུས་ཡག་ཤོས་བྱུང་ན་རྣ་ཅོག་གཉིས་དང་སྨིན་མ་གཉིས་སྟོན་དགོས།

    ཐོབ་ཐང་ལག་ཁྱེར་དུས་ལས་ཡོལ་རྗེས། རྒྱུན་ལྡན་གྱི་གནམ་གྲུའི་སྤ་སེ་དང་། མེ་འཁོར་སྤ་སེ། ཉེན་འགོག་སོགས་ཉོ་སྒྲུབ་བྱེད་ཐབས་མེད་ཅིང་། ད་རུང་མགྲོན་ཁང་དུ་སྡོད་པ་དང་། དངུལ་རྩའི་གསོག་དངུལ་སོགས་ཀྱི་ལས་སྒོ་ལའང་ཤུགས་རྐྱེན་ཐེབས་སྲིད། 


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章