ཚེས་19ཉིན་ཞང་ཀང་གི“ངན་སྦྲེལ་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བའི་གྱོད་གཞི་”དེ་ཞང་ཀང་ཞི་ཅིའུ་ལུང་ཁྲིམས་གཅོད་ཁྲིམས་ཁང་དུ་ཁྲིམས་ཐག་བཅད་པ་དང་། གྱོད་གཞི་དེ་ནི་ཞང་ཀང་གི་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བའི་སྐོར་གྱི་གྱོད་གཞི་ཐོག་མ་དེ་ཡིན་པ་དང་། ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་ཟིང་ཆ་སློང་མཁན་45ལ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བའི་ནག་ཉེས་དང་འབྲེལ་ནས་ཁྲིམས་ཐག་བཅད་ཡོད་པ་རེད།
ཁྲིམས་དཔོན་གྱིས་ཁྲིམས་ཐག་བཅད་དོན། ཏའེ་ཡའོ་ཐིང་ལ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བ་ངན་ཇུས་བྱས་པའི་ཉེས་པའི་ཐོག་ནས་བཙོན་འཇུག་ལོ་10ཡི་ཁྲིམས་ཆད་བཅད། ཧོང་ཀྲི་ཧྥེང་ལ་བཙོན་འཇུག་ཟླ་56གི་ཁྲིམས་ཆད་བཅད། ཆུས་ནོ་ཞོན་ལ་བཙོན་འཇུག་ལོ་6དང་ཟླ་9ཡི་ཁྲིམས་ཆད་བཅད། ཀྲའོ་ཅ་ཞན་ལ་བཙོན་འཇུག་ལོ་7གྱི་ཁྲིམས་ཆད་བཅད། ཀྲུང་ཅིན་ལིན་ལ་བཙོན་འཇུག་ལོ་6དང་ཟླ་1གི་ཁྲིམས་ཆད་བཅད། ཝུའུ་ཀྲེང་ཧེང་ལ་བཙོན་འཇུག་ལོ་7དང་ཟླ་3གྱི་ཁྲིམས་ཆད་བཅད།
ཐན་ཝུན་ཧའོ་ལ་བཙོན་འཇུག་ཟླ་50ཡི་ཁྲིམས་ཆད་བཅད། ལི་ཅ་ཏ་ལ་བཙོན་འཇུག་ཟླ་51གི་ཁྲིམས་ཆད་བཅད། ཐན་ཏེ་ཀྲི་ལ་བཙོན་འཇུག་ཟླ་53གྱི་ཁྲིམས་ཆད་བཅད། ཧུའུ་ཀྲི་ཝུའེ་ལ་བཙོན་འཇུག་ཟླ་53གྱི་ཁྲིམས་ཆད་བཅད་པ། ཧྲི་ཏི་ལའེ་ལ་བཙོན་འཇུག་ཟླ་79ཡི་ཁྲིམས་ཆད་བཅད། ཧོ་ཀུའེ་ལན་ལ་བཙོན་འཇུག་ཟླ་84ཡི་ཁྲིམས་ཆད་བཅད། ལིའུ་ཡིང་ཁོང་ལ་བཙོན་འཇུག་ཟླ་53གྱི་ཁྲིམས་ཆད་བཅད། དབྱང་ཡུའེ་ཆའོ་ལ་བཙོན་འཇུག་ཟླ་61གི་ཁྲིམས་ཆད་བཅད། ཁྲིན་ཀྲི་ཆོན་ལ་བཙོན་འཇུག་ཟླ་78གྱི་ཁྲིམས་ཆད་བཅད། ཙོའུ་ཅ་ཁྲེང་ལ་བཙོན་འཇུག་ཟླ་93གྱི་ཁྲིམས་ཆད་བཅད། ལིན་ཀྲའོ་ཡན་ལ་བཙོན་འཇུག་ཟླ་81གི་ཁྲིམས་ཆད་བཅད། ཧྥན་གོ་ཝུའེ་ལ་བཙོན་འཇུག་ཟླ་50ཡི་ཁྲིམས་ཆད་བཅད། ལུའི་ཀྲི་ཧེང་ལ་བཙོན་འཇུག་ཟླ་51ཡི་ཁྲིམས་ཆད་བཅད། ལིའང་གོ་ཞུང་ལ་བཙོན་འཇུག་ཟླ་81གི་ཁྲིམས་ཆད་བཅད། ལིན་ཅིན་ནན་ལ་བཙོན་འཇུག་ཟླ་62ཀྱི་ཁྲིམས་ཆད་བཅད། ཧོ་ཡའོ་ལིན་ལ་བཙོན་འཇུག་ཟླ་79ཡི་ཁྲིམས་ཆད་བཅད།