ཟླ་11ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པའི་ཚོགས་འདུའི་ཐོག ཞང་ཀང་ཁྲིམས་ཁང་གིས་《ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་》གཞིར་བཟུང་ནས་འབྲེལ་ཡོད་དཔྱད་མཚམས་བཏང་བར་དམིགས་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་གཏམ་བརྗོད་སྤེལ་བའི་ཐད་གསར་འགོད་པ་ཞིག་གིས་དྲི་བ་བཏོན་པ་རེད།
མགྲིན་ཚབ་པ་ལིན་ཅན་གྱིས། ཞང་ཀང་ནི་ཁྲིམས་སྐྱོང་གི་སྤྱི་ཚོགས་ཤིག་ཡིན་པས། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་དགོས་པ་དང་ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱ་རྒྱུ་ནི་གཞི་རྩའི་རྩ་དོན་ཞིག་ཡིན། མི་སུ་ཞིག་ཡིན་རུང་“དམངས་གཙོ་”ཞེས་པའི་ལྟ་བ་འཆང་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་མ་ཟད་བཅའ་ཁྲིམས་ཀྱི་ཆད་པ་ལས་ཐར་རེ་ངན་བཅངས་མི་ཆོག ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཕྱོགས་གཅིག་ནས་རྒྱལ་ཁབ་དེའི་འབྲེལ་ཡོད་ཁྲིམས་འཛིན་རྒྱུད་རིམ་བརྒྱུད་རང་ངོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དོན་དངོས་སྣང་མེད་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཞང་ཀང་ཁྲིམས་ཁང་གིས་ཞང་ཀང་གི་རྒྱལ་བདེ་བཅའ་ཁྲིམས་ལག་བསྟར་དྲང་གཞག་བྱེད་པར་དོན་མེད་སྐྱོན་འཛུགས་བྱེད་པའི་བྱ་སྤྱོད་དེ་རིགས་ནི་ཁྲིམས་སྐྱོང་གི་སྙིང་སྟོབས་ལ་ཕོག་ཐུག་བཏང་བ་དང་རྡོག་རོལ་བཏང་བ་ཞིག་ཡིན་པས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཁྲིམས་གཅོད་བྱེད་པར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ནུབ་ཕྱོགས་རྒྱལ་ཁབ་ལ་ལས་འབྲེལ་ཡོད་ཁྲིམས་འཛིན་གྱི་གྱོད་གཞི་བྱེ་བྲག་པར་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་། ཞང་ཀང་གི་ཁྲིམས་སྐྱོང་རྩིས་མེད་གཏོར་བཤིག་གཏོང་བར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།