ཡུག་རེན་གྱིས་མཚོན་ཆ་འདི་བཀོལ་ནས་ཨུ་རུ་སུར་རྒོལ་བའི་ཐད།

民生   2024-11-23 11:31   北京  

   ཟླ་11ཚེས་20ཉིན་གྱི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་19ཉིན་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་དེ་ཨུ་རུ་སུའི་ཉིང་རྡུལ་ཟིལ་གནོན་ཐད་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་གསར་པར་ཆོག་མཆན་སྤྲད་པ་རེད། ཡིག་ཆའི་ནང་དུ་ཨུ་རུ་སུས་ཉིང་རྡུལ་མཚོན་ཆ་ནི་ཟིལ་གནོན་གྱི་བྱེད་ཐབས་ཤིག་ཏུ་བརྩི་བ་དང་། ཉིང་རྡུལ་མཚོན་ཆ་བཀོལ་སྤྱོད་བྱེད་པ་ནི་ཐལ་དྲགས་པའི་གནས་ཚུལ་འོག་མི་སྤྱོད་ཀ་མེད་བྱུང་བའི་བྱེད་ཐབས་ཤིག་ཡིན་ཟེར། ཉིན་དེར་ཨུ་རུ་སུའི་པུའུ་ལིའང་སི་ཁེ་མངའ་སྡེ་ལ་ཡུག་རེན་དམག་གི་ཨ་རིས་བཟོས་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་རེད། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ནང་། ངོས་འཛིན་བྱས་པ་ལྟར་ན། ཡུག་རེན་ཕྱོགས་ཀྱིས་བེད་སྤྱོད་བྱས་པ་ནི་ཨ་རིས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་ཡིན་པ་དང་། འཕུར་མདའ་6ཚང་མ་ཨུ་རུ་སུའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་བཀག་པ་དང་། འཕུར་མདའ་འཐོར་ནས་པུའུ་ལིའང་སི་ཁེ་མངའ་སྡེ་ཡི་དམག་དོན་ས་ཁོངས་ཤིག་ཏུ་ལྷུངས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དོན་དག་འདི་གཉིས་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 

   དེའི་ཐད་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་བཤད་དོན། ང་ཚོས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་ཡོད། མིག་སྔའི་གནས་བབ་འོག་ཕྱོགས་སོ་སོས་བབ་བརླིང་དང་ཚོད་འཛིན་རྒྱུན་འཁྱོངས་དང་། གླེང་མོལ་དང་གྲོས་མོལ་བྱེད་པར་བརྟེན་ནས་ཐུན་མོང་ཐོག་གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་བཏང་སྟེ་འཐབ་ཇུས་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས།

   ལིན་ཅན་གྱིས་ནན་གྱིས་བསྟན་དོན། ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་གནས་བབ་ཞི་ལྷོད་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་གཞོལ་བའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་མ་ཟད། དེའི་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུའི་རེ་བ་ཡོད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章