ཚེས་21ཉིན་ཧྥིན་ལན་སྲིད་གཞུང་གིས་2025ལོར་རྒྱལ་ཁབ་འདི་ཉིད་པཱ་ལོན་ཀྲི་ཧེ་ཡོ་རོབ་གླིང་དང་བྱང་སྣེའི་མུ་ཁྱུད་ལས་འཛིན་ལྷན་ཚོགས་ཀྱི་ལས་འགུལ་ལ་ཞུགས་རྒྱུ་མིན་པ་ཁྱབ་བསྒྲགས་བྱས།
ཧྥིན་ལན་སྲིད་གཞུང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་མ་ཡིག་ནང་། ཧྥིན་ལན་པཱ་ལུན་ཀྲི་ཧེ་ཡོ་རོབ་གླིང་དང་བྱང་སྣེའི་མུ་ཁྱུད་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྒྱུ་རྐྱེན་ནི་ཡོ་རོབ་གླིང་གི་བདེ་འཇགས་གནས་བབ་དང་། རྒྱལ་སྤྱིའི་ཁོར་ཡུག་གི་འགྱུར་ལྡོག་གིས་ས་ཁོངས་མཉམ་ལས་ལ་ཤུགས་རྐྱེན་ཐེབས་པའི་དབང་གིས་རེད་ཅེས་འཁོད་ཡོད།
ཧྥིན་ལན་སྲིད་གཞུང་གིས། དུས་མཚུངས་སུ་བྱང་རྒྱུད་ས་ཁུལ་གྱི་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧྥིན་ལན་ལ་མཚོན་ན་སྔོན་ཆད་ལས་གལ་ཆེ་བ་ཡིན། ཧྥིན་ལན་གྱིས་མུ་མཐུད་སུའེ་ཏེན་དང་ནོ་ཝེ་གཉིས་དང་མཉམ་འབྲེལ་བྱས་ནས་ཡོབ་གླིང་བྱང་མའི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་ཞེས་བཤད།
པཱ་ལུན་ཀྲི་ཧེ་ཡོ་རོབ་གླིང་དང་བྱང་སྣེའི་མུ་ཁྱུད་ལས་འཛིན་ལྷན་ཚོགས་ནི་1993ལོར་བཙུགས་པ་དང་། ས་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཆེད་བཙུགས་པའི་ས་ཁུལ་སྲིད་གཞུང་བར་གྱི་རྩ་འཛུགས་ཤིག་ཡིན་ཞིང་། ཁོངས་མིའི་ནང་ཏེན་མག་དང་། ཧྥིན་ལན། འཁྱགས་གླིང་། ནོ་ཝེ། ཨུ་རུ་སུ། སུའེ་ཏེན་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བཅས་ཚུད་ཡོད། 2023ལོའི་ཟླ་9པར་ཨུ་རུ་སུས་ལས་འཛིན་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།