ས་ཆ་འདི་ནས་བང་སོ་ཆེན་པོ་རྙེད་འདུག

民生   2024-11-26 11:30   北京  

    གསར་འགོད་པས་ཟླ་11ཚེས་23ཉིན་ཅང་སུའུ་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཅང་སུའུ་ཞིང་ཆེན་ཀྲང་ཅ་ཀང་གྲོང་ཁྱེར་དུ་གནས་པའི་ཏུང་ཧྲན་གྲོང་ཚོའི་རྗེས་ཤུལ་གསར་པ་རྙེད་པ་སྟེ། དེའི་ནང་སུང་ཙེ་རིག་གནས་ཀྱི་རིམ་པ་མཐོ་བའི་བང་སོ་ཆེ་གྲས་M125ཤེས་རྟོགས་བྱུང་བ་དེས་ཐའེ་ཧུའུ་མཚེའུ་རྒྱུད་དུ་དུས་མཚམས་དེའི་བང་སོ་མེད་པའི་སྟོང་ཆ་བསྐངས་པ་རེད། 

   སུང་ཙེ་རིག་གནས་དེ་ད་བར་ལོ་ངོ་6000ནས་ལོ་5300བར་ཟིན་ཞིང་། འབྲི་ཆུའི་སྨད་རྒྱུད་ཀྱི་ཐའེ་ཧུའུ་མཚེའུ་རྒྱུག་ཁུལ་གྱི་རིག་གནས་དུས་མཚམས་གལ་ཆེན་ཞིག་རེད། ཏུང་ཧྲན་གྲོང་ཚོའི་རྗེས་ཤུལ་དེ་སུའུ་ཀྲའུ་གྲོང་ཁྱེར་ཀྲང་ཅ་ཀང་གྲོང་ཁྱེར་ཅིན་ཀང་ཁྲོམ་གཞུང་གི་ཏུང་ཧྲན་གྲོང་ཚོར་གནས་པ་དང་། ནུབ་ཏུ་ཤང་ཧྲན་རི་བོ་དང་བྱང་དུ་འབྲི་ཆུ་ཡོད་ཅིང་། དེ་ནི་མ་ཅ་པིན་རིག་གནས་དང་སུང་ཙེ་རིག་གནས་སྤུང་གསོག་གཙོ་བོར་བྱས་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་ཆེ་གྲས་ཤིག་རེད། 2010ལོའི་ཟླ་6པར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“2009ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་དཔྱད་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི”གྲས་སུ་བདམས་པ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章