གྲུ་གཟིངས་ཆེན་པོ་འདི་མཚོར་ནུབ་འདུག

民生   2024-11-26 16:30   北京  

    ཨེ་ཅིབ་ཀྱི་ས་གནས་དེ་གའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཨེ་ཅིབ་ཀྱི་མཚོ་དམར་ཞིང་ཆེན་སྲིད་གཞུང་གིས་ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མི་45བླུགས་པའི་གྲུ་གཟིངས་ཤིག་ཨ་ལའེ་མུའུ་གྲུ་ཁའི་ཉེ་འགྲམ་གྱི་མཚོ་དམར་མཚོ་ཁོངས་སུ་ནུབ་པ་ར་སྤྲོད་བྱས་ཡོད།

    གནས་འཕྲིན་སྤེལ་བར་གཞིགས་ན། དབང་འཛིན་ལས་ཁུངས་ལ་ཉིན་དེའི་ཐོ་རེངས་ཆུ་ཚོད་5དང་སྐར་མ་30ཙམ་ལ་རོགས་སྐྱོབ་ཁང་ནས་རོགས་སྐྱོབ་ཡོང་རེའི་ཞུ་བ་འབྱོར་བ་རེད། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེའི་ཐོག་གྲུ་པ་14ཡོད་པ་ཕུད་ད་དུང་རྒྱལ་ཁོངས་མི་འདྲ་བའི་ཡུལ་སྐོར་བ་31ཡོད་པ་རེད།

    གནས་འཕྲིན་སྤེལ་བའི་ནང་འབྲེལ་ཡོད་སྡེ་ཚན་གྱིས་ཐད་འཕུར་གནམ་གྲུ་བཏང་ནས་རོགས་སྐྱོབ་བྱས་པ་དང་གསོན་མི་སྔར་བཞིན་འཚོལ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

    ད་ལྟའི་བར་དུ། ས་གནས་དེ་གའི་སྲིད་གཞུང་གིས་དོན་རྐྱེན་ནང་མི་སྣ་ཤི་རྨས་བྱུང་བའི་མི་གྲངས་ད་དུང་ཡོངས་བསྒྲགས་བྱས་མེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章