ཁ་བ་ཆེན་པོ་འབབ་པའི་ཉེན་བརྡ་བཏང་འདུག

民生   2024-11-25 16:30   北京  

   ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་06པའི་ཐོག་ཁ་བ་ཆེན་པོ་འབབ་པའི་ཉེན་བརྡ་སེ་པོ་བཏང་བ་སྟེ། སྔོན་དཔག་བྱས་ན། ཟླ་11ཚེས་25ཉིན་གྱི་ཆུ་ཚོད་8ནས་ཟླ་11ཚེས་26ཉིན་གྱི་ཆུ་ཚོད་8པའི་བར། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ནུབ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད། བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་ལ། དེའི་ནང་ལིའོ་ཉིང་བྱང་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ( ཧོ་སྨི་20ནས་25བར། )གོང་གི་ས་ཁུལ་ཁག་ཅིག་ཏུ་གསར་དུ་གངས་གསོག་ཐེབས་ཚད་ལི་སྨི་5ནས་10བར་ཡིན་པ་དང་། ས་ཁུལ་ཁག་ཅིག་ཏུ་ལི་སྨི་12ཡན་ཟིན་སྲིད། 

   འགོག་སྲུང་ཕྱོགས་སྟོན།

   གཅིག སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། གངས་སྐྱོན་དང་འཁྱགས་འགོག་གནོད་འགོག་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། 

   གཉིས། འགྲིམ་འགྲུལ་དང་། ལྕགས་ལམ། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཁག་གིས་གཞུང་ལམ་དང་། ལྕགས་ལམ། ལམ་ཐིག་བཅས་ལ་སྐོར་ཞིབ་དང་སྲུང་སྐྱོང་བྱེད་དགོས་པ་དང་། གཞུང་ལམ་གཙང་ཕྱགས་དང་ཁ་བ་བཞུ་བའི་ལས་ཀ་ཡག་པོར་སྒྲུབ་དགོས།

   གསུམ། རྐང་ཐང་བས་གྲང་འགོག་འདྲེད་འགོག་ལ་དོ་སྣང་བྱེད་པ་དང་། ཁ་ལོ་བས་རླངས་འཁོར་གཟབ་གཟབ་ངང་བསྐོར་བ། རླངས་འཁོར་ལ་འདྲེད་འགོག་གི་བྱེད་ཐབས་སྤྱོད་དགོས།

   བཞི། ཞིང་འབྲོག་ཁུལ་དང་འདེབས་འཛུགས་གསོ་ཚགས་ལས་རིགས་ཀྱིས་གཟན་ཆས་གྲབས་གསོག་བྱས་ཏེ། གངས་སྐྱོན་དང་འཁྱགས་འགོག་གནོད་འགོག་གི་གྲ་སྒྲིག་ཡག་པོ་བྱེད་དགོས། 

   ལྔ། སྤྱིལ་སྒྲོམ་སོགས་གངས་ཀྱིས་མནན་སླ་བའི་གནས་སྐབས་ཀྱི་རྩིག་བཟོས་བརྟན་པོ་བཟོ་དགོས། 


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག
ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
ཀྲུང་དབྱང་དངུལ་ཁང་གིས་དོན་འདི་བསྒྲགས།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章