ཚེས་14ཉིན་ཨ་རིའི་རྒྱལ་ཁབ་ས་ཁམས་རིག་པའི་ཚོགས་པས་དེའི་ཚན་ཞིབ་ཚོགས་པས་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཀྱི་སོ་ལོ་མོན་གླིང་ཚོམས་ཀྱི་ཉེ་འགྲམ་དུ་འཛམ་གླིང་གི་བྱུ་རུ་ཆེ་ཤོས་རྙེད་པ་ཁྱབ་བསྒྲགས་བྱས།
བྱུ་རུ་ཆེན་པོ་དེའི་རིང་ཚད་ལ་སྨི་34དང་ཞེང་ཚད་ལ་སྨི་32 མཐོ་ཚད་ལ་སྨི་5ཙམ་ཡོད་པ་དེ་སྔོན་མའི་ཟིན་ཐོ་རྒྱུན་འཁྱོངས་བྱེད་མཁན་ཨ་རིའི་ཁོངས་གཏོགས་སཱ་མོ་ཡའི་བྱུ་རུ“མོང་མ་ཆེན་པོ” ལས་ལྡབ་3ཆེ། དེའི་ངོས་མང་ཆེ་བ་ནི་རྫ་མདོག་ཡིན་ཞིང་། སེར་པོ་དང་དམར་པོ། གློ་ཁ། སྔོན་པོ་བཅས་ཀྱི་ཁྲ་ཐིག་ཡོད།
གསར་དུ་རྙེད་པའི་བྱུ་རུ་ཆེན་པོ་ནི་ཀ་དབྱིབས་ཀྱི་ཤིང་པད་མའི་བྱུ་རུ་ཞིག་ཡིན། དེ་ནི་བྱུ་རུའི་ཁྱུ་ཚོགས་མི་འདྲ་བ་མང་པོ་ལས་གྲུབ་པའི་བྱུ་རུའི་བྲག་རྡོ་མ་ཡིན་པར་གཞི་རྒྱུ་དུང་ཕྱུར་10ཙམ་རྦད་དེ་གཅིག་མཚུངས་ཡིན་པའི་བྱུ་རུའི་འབུ་ལས་གྲུབ་པའི་ཁྱུ་ཚོགས་ཤིག་ཡིན་པ་དང་། དེ་དག་ཁྱུ་ཚོགས་ཁྲོད་སྐྱེ་ལྡན་ཕུང་པོ་ཞིག་དང་འདྲ་བར་མཉམ་དུ་ཆགས་ཡོད།
ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན། བྱུ་རུ་འདི་ལ་ཕལ་ཆེར་ལོ་ངོ་300ལྷག་གི་ལོ་རྒྱུས་ཡོད་ལ། དེ་ལས་ཀྱང་ལོ་རྒྱུས་ཡུན་རིང་ལྡན་སྲིད།
ཞིབ་འཇུག་མི་སྣས་ཆེས་ཐོག་མར་འདི་ནི་གྲུ་གཟིངས་ཆེན་པོ་ཞིག་ཡིན་པར་འདོད་པ་དང་། ཆུ་ནང་དུ་འཛུལ་རྗེས་ད་གཟོད་སའི་གོ་ལའི་སྟེང་གི་སྲོག་ཆགས་ཆེ་ཤོས་ཏེ་ཆུ་སྲིན་སྔོན་པོ་ལས་ཀྱང་རིང་བའི་བྱུ་རུ་འདི་རྙེད་པ་རེད། བར་སྣང་ཁམས་ནས་ཀྱང་མཐོང་ཐུབ།
ཞིབ་འཇུག་མི་སྣས། མཚོ་ཆུ་དྲོ་རུ་ཕྱིན་པའི་རྐྱེན་གྱིས་ཉེ་འགྲམ་གྱི་ཆུ་འོག་བྲག་རྡོ་ཉམས་ཞན་དུ་སོང་ཡང་གཏིང་ཟབ་པའི་ཆུ་ཁོངས་སུ་བྱུ་རུ་འདི་འདྲ་ཡག་པོ་མང་པོ་མཐོང་བས་མི་རྣམས་ལ་རེ་བས་ཁེངས་པའི་ཚོར་སྣང་བྱུང་ཞེས་བཤད།