རྒྱལ་ཁབ་9ལ་ལག་ཁྱེར་མི་དགོས་པ་ཁྱབ་བསྒྲཊ་བྱས།

民生   2024-11-26 08:39   北京  

   ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་བྱེད་པར་སྔར་ལས་སྟབས་བདེ་ཡོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་མིང་རྟགས་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་རྒྱུའི་ཐག་བཅད་པ་དང་། 2024ལོའི་ཟླ་11ཚེས་30ཉིན་ནས་2025ལོའི་ཟླ་12ཚེས་31ཉིན་བར། པུར་ཀ་རི་ཡ་དང་། རོ་མ་ཉི་ཡ། ཁེ་ལོ་ཏེ་ཡ། ཧེ་ཧྲན། མ་ཆི་ཏུན་བྱང་མ། མ་ཨེར་ཐེ། ཨའེ་ཧྲ་ཉི་ཡ། ལ་ཐོ་ཝེ་ཡ། ལྗར་པན་བཅས་ཀྱི་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་ལ་མིང་རྟགས་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱས་ཡོད།

   གཞན་ཡང་། ཀྲུང་གོ་ཕྱོགས་ཀྱིས་དུས་གཅིག་ཏུ་རྒྱལ་ཁོངས་སུ་ཡོང་བའི་སྲིད་ཇུས་ལེགས་སུ་བཏང་ནས། སྤེལ་རེས་འཚམས་འདྲི་མིང་རྟགས་འགོད་མི་དགོས་པའི་ནང་བཅུག་སྟེ་མིང་རྟགས་འགོད་མི་དགོས་པའི་སྡོད་ཡུན་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཉིན་15ནས་ཉིན་30བར་རིང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།

   2024ལོའི་ཟླ་11ཚེས་30ཉིན་ནས་བཟུང་། གོང་གི་རྒྱལ་ཁབ་9ཚུད་པའི་ལག་ཁྱེར་ཐོ་འགོད་མི་དགོས་པའི་རྒྱལ་ཁབ་38ཀྱིས་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་འཁྱེར་ནས་ཀྲུང་གོར་ཚོང་རྒྱག་པར་ཡོང་བ་དང་། ཡུལ་སྐོར་ལྟ་སྐོར། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི། སྤེལ་རེས་འཚམས་འདྲི། རྒྱལ་མཚམས་སྒྲོལ་བ་བཅས་ཉིན་30ལས་མི་བརྒལ་བར་འཐུས་མཆན་འགོད་པའི་ལག་ཁྱེར་གྱི་འགྲོ་ལུགས་འགྲིམས་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག མིང་རྟགས་འགོད་མི་དགོས་པའི་ཆ་རྐྱེན་དང་མི་མཐུན་པའི་མི་སྣས་སྔར་བཞིན་རྒྱལ་ཁོངས་སུ་མ་ཡོང་གོང་ཀྲུང་གོར་ཡོང་བའི་འཐུས་མཆན་འགོད་པའི་ལག་ཁྱེར་གྱི་འགྲོ་ལུགས་འགྲིམ་དགོས། 


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章