ཟླ་11ཚེས་22ཉིན་གྱི་ཆུ་ཚོད་8ནས་ཚེས་23ཉིན་གྱི་ཆུ་ཚོད་8བར། ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ཞིང་། དེའི་ནང་ཞིན་ཅང་གི་བྱང་ཕྱོགས་ཀྱི་བྱང་རྒྱུད་དང་ཐེན་ཧྲན་རི་རྒྱུད་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་ཞིང་། ས་ཁུལ་ཁག་ཅིག་ཏུ་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་10ནས་12བར།)
ཟླ་11ཚེས་23ཉིན་གྱི་ཆུ་ཚོད་8ནས་ཚེས་24ཉིན་གྱི་ཆུ་ཚོད་8བར། ནང་སོག་གི་ཧའེ་ཐའོ་ས་ཁུལ་དང་། ཞིན་ཅང་བྱང་ཕྱོགས་ཀྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་བྱང་ཤར་རྒྱུད། དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ཞིང་། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་ས་ཁུལ་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད། ཧོ་པེ་ཡི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་དང་། ཞིན་ཅང་བྱང་ཕྱོགས་ཀྱི་ཤར་རྒྱུད་སོགས་ས་ཁུལ་དུ་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་10ནས་15བར།)