ལོ་35ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོ་རེད།

民生   2024-11-24 14:00   北京  

   གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་ཉ་ལས་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ཆུ་ཐོན་དངོས་རྫས་ཀྱི་སྤྱིའི་ཐོན་ཚད་ལོ་35ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

   གཞི་གྲངས་ཐོག་ནས་2023ལོར་རང་རྒྱལ་གྱི་ཆུ་ཐོན་དངོས་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་7116ཟིན་ནས། ལོ་35ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་མངོན་ཡོད། ཐོན་ཚད་ཆེ་དོན་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཆུ་ཐོན་དངོས་རྫས“གསོ་རྒྱུ་གཙོ་བོར་འཛིན་པ”རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་རེད། མཚོ་གཏིང་མཚོ་རྒྱང་དང་། བཟོ་གྲྭ་ཅན། སྐམ་སའི་རྨང་གཞིའི་རེས་འཁོར་ཆུའི་གསོ་སྤེལ། ཉ་ཚལ་མཉམ་འཚོ་སོགས་སྒྲིག་བཀོད་ཀྱིས་ཉ་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བཅུག་ཡོད།

   རྒྱ་མཚོར་རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་འབྲོག་ར་169འཛུགས་སྐྲུན་བྱས་པ་དང་། མཚོ་གཏིང་མཚོ་རྒྱང་གི་གསོ་སྤེལ་ཆུ་གཟུགས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་5660ཟིན་པ་དང་། ཐོན་ཚད་ཏུན་ཁྲི་47ཟིན་ཡོད། སྐམ་སའི་དབུས་ཁུལ་དུ། རྫིང་བུ་ཚད་ལྡན་ཅན་དུ་འགྱུར་བའི་གསོ་སྤེལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཆུ་གྲང་མོར་གསོ་སྤེལ་དང་། འབྲས་ཞིང་གསོ་སྤེལ། བ་ཚྭ་ཅན་གྱི་ཆུ་གསོ་སྤེལ་སོགས་གསོ་སྤེལ་བྱེད་སྟངས་སྣ་མང་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་ཡོད། 

   མིག་སྔར། རང་རྒྱལ་ཆུ་ཐོན་དངོས་རྫས་གསོ་སྤེལ་བསྡུར་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོའི་75:25ནས་82:18བར་མཐོ་རུ་ཕྱིན་པ་དང་། གསོ་སྤེལ་ཐོན་ཚད་ཀྱིས་གོ་ལ་ཧྲིལ་པོའི་60%ཙམ་བཟུང་ཡོད། གཞན་ཡང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་ཆུ་ལས་སྐྱེས་པའི་རི་སྐྱེས་སྲོག་ཆགས་སྣ་ཁ་458ཟིན་པ་དེ་1989ལོ་ལས་སྣ་ཁ་410མང་དུ་ཕྱིན་ཡོད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章