ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་23ཉིན། ཨ་རིའི་ཁོའོ་ལུའོ་ལཱ་ཏུའོ་མངའ་སྡེའི་དམངས་སྤྱོད་མཁའ་འགྲུལ་སྐོར་གཡེང་གནམ་གྲུ་ཞིག་གིས་འཆར་ཅན་ལྟར་མཁའ་འགྲུལ་པར་ལེན་སྦྱོང་བརྡར་བྱེད་སྐབས་ལྷུངས་ནས་གནམ་གྲུའི་ནང་གི་མི་2རྐྱེན་ལམ་དུ་ཤོར་བ་དང་མི་1ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
ད་ཆ། ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྒྲིག་གཞི་གཞན་དག་དང་མཉམ་འབྲེལ་ཐོག་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།