ཨ་རིས་འདིར་མི་འཐད་པའི་འདེམས་ཤོག་འཕངས།

民生   2024-11-23 11:31   北京  

   ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལས་འགན་རྒྱུན་འཛིན་མིན་པའི་རྒྱལ་ཁབ་10ཡིས་བཏོན་པའི་ཀཱ་ཟའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་བརྡས་ཐག་བཅད་པ་རེད། ཨ་རིས་མི་འཐད་པའི་འདེམས་ཤོག་འཕངས་པས་གྲོས་ཆོད་ལ་གྲོས་འཆམ་མ་བྱུང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་ཁབ་གཞན་དག་14ཚང་མས་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་པ་རེད།

   གྲོས་ཆོད་ཀྱིས“ཕྱོགས་ཚང་མས་ཆ་རྐྱེན་གང་ཡང་མེད་པར་དུས་གཏན་དུ་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་དང་། ད་དུང་ཆ་རྐྱེན་གང་ཡང་མེད་པར་བཀག་ཉར་བྱས་པའི་མི་སྣ་ཚང་མ་འཕྲལ་མར་གློད་འགྲོལ་གཏོང་དགོས་པའི་བླང་བྱ་བསྐྱར་བསྒྲགས་བྱས་པ”མ་ཟད། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ཕ་ལེ་སི་ཐན་གྱི་སྐྱབས་བཅོལ་བ་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ནི་སྔར་བཞིན་ཀཱ་ཟའི་མི་ཆོས་རིང་ལུགས་ཀྱི་འཕྲལ་བསྟུན་བྱ་སྤྱོད་ཀྱི་ཀ་རྟེན་ལྟ་བུ་ཡིན་ཞེས་དམིགས་སུ་བཀར་ནས་བསྟན་ཡོད།”

   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨ་རིའི་འཐུས་ཚབ་གཞོན་པ་རོ་པོ་ཐེ་·ཝུའུ་ཏེ་ཡིས་འདེམས་ཤོག་མ་འཕངས་གོང་། གྲོས་ཆོད་ནང་བཀག་ཉར་བྱས་པའི་མི་སྣའི་གནད་དོན་དེ་དམག་མཚམས་འཇོག་རྒྱུ་དང་འབྲེལ་བ་དམ་ཟབ་བྱས་མེད་ཅེས་བཤད་མོད། འོན་ཀྱང་གསར་འགོད་པས“འབྲེལ་བ་ཇི་ལྟར་འཛུགས་རྒྱུའི”སྐོར་གྱི་དྲི་བར་ལན་མ་བཏབས། 

   ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་འཐུས་ཚབ་ཧྥུའུ་ཚུང་གིས་མི་འཐད་པའི་འདེམས་ཤོག་འཕེན་དབང་ནི་འགན་འཁྲི་ཡིན་པ་ལས་མནའ་གྲོགས་ལ་སྲུང་སྐྱོབ་བྱེད་པའི་དམིགས་བསལ་དབང་ཆ་མིན་ཞེས་བཤད།

   ཐེངས་འདིའི་ཕ་དབྱིའི་གདོང་གཏུག་བྱུང་བ་ནས་བཟུང་། ཨ་རིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་དབྱིའི་གནད་དོན་ལ་མི་འཐད་པའི་འདེམས་ཤོག་འཕེན་དབང་ཐེངས་6སྤྱད་པ་དང་། དེའི་ནང་ཐེངས་5ཡིས་ཀཱ་ཟའི་དམག་མཚམས་འཇོག་པར་བཀག་འགོག་བྱས་པ་རེད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章