པེ་ཅིང་དུ་སྡོད་ཁང་ཐད་ཀྱི་བརྡ་ཁྱབ་གལ་ཆེན་འདི་བསྒྲཊ།

民生   2024-11-21 11:32   北京  

   ཚེས་18ཉིན་གྱི་དགོང་མོར་པེ་ཅིང་གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་། པེ་ཅིང་གྲོང་ཁྱེར་ནོར་སྲིད་ཅུས། པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《སྡོད་ཁང་དཀྱུས་མའི་ཚད་གཞི་མེད་པར་བཟོ་རྒྱུའི་འབྲེལ་ཡོད་དོན་དག་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་མེད་པར་བཟོ་རྒྱུ་ཡིན་ཞིང་། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། 

   《བརྡ་ཐོའི》ནང་པེ་ཅིང་གྲོང་ཁྱེར་གྱིས་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་མེད་པར་བཟོས་རྗེས། མི་སྒེར་གྱིས་ཉོས་ནས་ལོ་2ཡན)ལོ་2ཚུད་པ།(འགོར་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་གནས་ཐང་འཕར་ཁྲལ་མེད་པར་བཟོ་རྒྱུ་དང་། མི་སྒེར་གྱིས་ཉོས་ནས་ལོ་2མ་འགོར་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་5%ཡི་བསྡུ་ཚད་གཞིར་བཟུང་གནས་ཐང་འཕར་ཁྲལ་ཆ་ཚང་འཇལ་དགོས། མི་སྒེར་གྱིས་སྡོད་ཁང་ཉོ་བའི་གན་ཁྲལ་ཐད། པེ་ཅིང་གྲོང་ཁྱེར་ལ་རྒྱལ་ཡོངས་དང་གཅིག་གྱུར་ཡིན་པའི་མི་སྒེར་གྱིས་ཁང་པ་ཉོ་བའི་གན་ཁྲལ་གཟིགས་སྐྱོང་སྲིད་ཇུས་སྤྱད་འཐུས། མི་སྒེར་གྱིས་ཉོས་པའི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་140དང་། དེའི་མན་ཆད་ཡིན་ན་ཁྲལ་ཚད་1%གཞིར་བཟུང་གན་ཁྲལ་ཉུང་བསྡུ་བྱ་རྒྱུ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་140ཡན་ཡོད་ན། ཁྲལ་ཚད་1.5%གཞིར་བཟུང་གན་ཁྲལ་ཉུང་བསྡུ་བྱ་རྒྱུ། མི་སྒེར་གྱིས་ཉོས་པའི་ཁྱིམ་ཚང་གི་སྡོད་ཁང་གཉིས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་140དང་། དེ་མན་ཆད་ཡིན་ན་ཁྲལ་ཚད་1%གཞིར་བཟུང་གན་ཁྲལ་ཉུང་བསྡུ་བྱ་རྒྱུ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་140ཡན་ཡོད་ན་ཁྲལ་ཚད་2%གཞིར་བཟུང་གན་ཁྲལ་ཉུང་བསྡུ་བྱ་རྒྱུ་རེད། 

   《བརྡ་ཐོའི》ནང་ད་དུང་ཟླ་12ཚེས་1ཉིན་གྱི་སྔོན་དུ་མི་སྒེར་གྱིས་སྡོད་ཁང་བྲིན་ཚོང་དང་ཉོ་སྒྲུབ་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གནས་ཐང་འཕར་ཁྲལ་དང་། གན་ཁྲལ་ད་དུང་སྙན་སེང་ཞུས་ནས་འཇལ་མེད་ཚེ། འབྲེལ་ཡོད་གཏན་འབེབས་དང་མཐུན་ན་དེ་ལྟར་ལག་བསྟར་བྱ་འཐུས་པ་ཁ་གསལ་བཟོས་ཡོད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་566སྤྲོད་རྒྱུ་རེད། 
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章