ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིའི(SpaceX)རབས་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཀྱི“སྲུང་སྐར་དམག་གྲུ”ཏེ་ཁེ་ས་སི་མངའ་སྡེ་རུ་ཚོད་ལྟ་བྱེད་ཐེངས་དྲུག་པ་བྱས་པ། དེའང་“ཐུར་མས་བཙུར་བའི་མེ་ཤུགས་འཕུར་མདའ་”རྗེས་ཀྱི་ཚོད་ལྟ་བྱེད་ཐེངས་གསར་པ་ཞིག་ཡིན་པ་རེད། ད་ཐེངས་ཀྱི་ཚོད་འཕུར་ནི་འཁོར་ལམ་དུ་འཛུལ་བའི་དམིགས་ཡུལ་མ་རེད།
ཉིན་དེར། ཨ་རིའི་བདམས་ཐོན་ཙུང་ཐུང་ཐེ་རོན་ཕུ་ཡུལ་དངོས་སུ་སླེབས་ནས་མེ་ཤུགས་འཕུར་མདའི་ཚོད་འཕུར་ལ་གཟིགས་ཞིབ་གནང་ཡོད།