ཟླ་11ཚེས་20ཉིན་གྱི་ཆུ་ཚོད་8ནས་ཚེས་21ཉིན་གྱི་ཆུ་ཚོད་8པའི་བར། ཞིན་ཅང་གི་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བ་བར་རམ་ཁ་ཆར་འདྲེས་མ་ཡོད། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོའམ་ཡང་ན་ཁ་བ་ཧ་ཅང་ཆེན་པོ་(ཧོ་སྨི་10ནས་15བར་)འབབ་རྒྱུ་རེད།
ཟླ་11ཚེས་21ཉིན་གྱི་ཆུ་ཚོད་8ནས་ཚེས་22ཉིན་གྱི་ཆུ་ཚོད་8པའི་བར། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད། ནུབ་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་བའི་རི་ཁུལ། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བ་བར་རམ་ཁ་ཆར་འདྲེས་མ་ཡོད། དེའི་ནང་ཞིན་ཅང་ཐ་ཁྲེང་གི་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོའམ་ཡང་ན་ཁ་བ་ཧ་ཅང་ཆེན་པོ་(ཧོ་སྨི་10ནས་15བར་)འབབ་རྒྱུ་རེད།