རང་ལོ་70ཟིན་པའི་ཁོ་མོར་བརྟག་དཔྱད་བྱས།

民生   2024-11-13 08:01   北京  

   ཧེ་ལུང་ཅང་ཞིང་ཆེན་སྒྲིག་ཨུད་ཀྱི་ལྟ་ཞིབ་ཨུ་ལྷན་ནས་ཟླ་11ཚེས་11ཉིན་གནས་འཕྲིན་འབྱོར་གསལ། ཉེ་ཆར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཧེ་ལུང་ཅང་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཟུར་པ་ཨའེ་ཧྲུའུ་ཆིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 

   ཞིབ་བཤེར་བྱས་པ་བརྒྱུད། ཨའེ་ཧྲུའུ་ཆིན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་ནས་རྩ་འཛུགས་ཞིབ་བཤེར་གྱི་ཁ་གཏད་དུ་ལངས་པ་དང་། སྒྲིག་ཁྲིམས་ལས་འགལ་ཏེ་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ་དང་། སྒྲིག་ཁྲིམས་ལས་འགལ་ནས་འགོ་ཁྲིད་ལས་བྱེད་པར་དངུལ་སྤྲད་པ། འགན་དབང་ངམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་ཁེ་ལས་གཉེར་སྐྱོང་བྱེད་པའི་ཐད་གཞན་ལ་ཁེ་ཕན་དོན་གཉེར་བྱས་ཏེ་ཁྲིམས་འགལ་གྱི་རྒྱུ་དངོས་བླངས་པས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་རེད།

   ཨའེ་ཧྲུའུ་ཆིང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་ལ་བློ་མི་དཀར་བ་དང་སེམས་མི་དྲང་བ། སྤྱོད་གཙང་གི་མ་མཐའི་མཚམས་ཐིག་ཤོར་བ་དང་། དཔོན་གནས་དང་ཚོང་ལས་གཉིས་ཀ་གཉེར་བ། རྒྱུ་ནོར་ཧམ་ལེན་དང་དབང་དངུལ་བརྗེ་རེས་བཅས་བྱེད་ཀྱི་ཡོད། བྱ་སྤྱོད་འདི་རིགས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ཡིན་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པས་ཐག་གཅོད་ནན་པོར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་། ཞིང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད་ཨའེ་ཧྲུའུ་ཆིན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་ལྟར་ཁོ་མོར་ལོངས་སུ་སྤྱོད་དབང་ཡོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་མོའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་བྱས་ཡོད།

   འདི་ནི་གཞུང་ཕྱོགས་ཀྱིས་བརྡ་ཁྱབ་ཐེངས་དང་པོ་བཏང་བ་ཞིག་ཡིན་པ་དང་། ཨའེ་ཧྲུའུ་ཆིན་ལ་བརྟག་དཔྱད་བྱས་ཟིན་པ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章