"ཐའེ་ཝན་རང་བཙན་”གྱི་དྲག་ཆས་ཀྱི་དོན་དག་དེ་རྟོགས་དཀའ་བ་ཞིག་མ་རེད།

民生   2024-11-03 08:01   北京  

    ཟླ་10ཚེས་31ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཀྲང་ཞའོ་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ། 

    གསར་འགོད་པ། ཨ་རིའི《ཕྱི་འབྲེལ་སྲིད་ཇུས》ཞེས་པའི་དུས་དེབ་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས། པེ་ཅིང་གི“ལན་ཏེ་ཆ་འཕྲིན་ཚན་རྩལ”གྱི་རིག་མཛོད་ཀྱིས“མཉམ་འབྲེལ་རལ་གྲི་རྣོན་པོ-2024A”ཞེས་པའི་དམག་དོན་ནང་སྦྱོང་བྱེད་རིང་། ཐའེ་ཝན་དམག་དཔུང་ཧའེ་ཧྥེང་རུ་ཆེན་གྱི་སྡེ་ཚན་12ཀྱི་གནས་ཚད་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་། ཐ་ན་འཕྲེད་གཞུང་ཐིག་གི་གྲངས་ཆུང་རྗེས་ཀྱི་ཨང་གྲངས་བཞི་གཏན་འཁེལ་ཐུབ་པ་བཤད་པ་དང་། ད་དུང་ཐའེ་ཝན་གྱི་དཔའ་ཉམས་འཕྲུལ་སྒུལ་རུ་འབྲིང་གི་རླངས་འཁོར་རུ་ཁག་གི་གྲུབ་ཚུལ་དང་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་བརྗོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ཀྲང་ཞའོ་ཀང་གིས། ང་ཚོས་འབྲེལ་ཡོད་འཕྲིན་སྤེལ་ལ་དོ་སྣང་བྱུང་། ངས་བཤད་འདོད་པ་ནི་“ཐའེ་ཝན་རང་བཙན་”གྱི་དྲག་ཆས་ཀྱི་དོན་དག་དེ་རྟོགས་དཀའ་བ་ཞིག་མ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章