པེ་ཅིང་གི་གྲོང་སྤྱི་གཞོན་པ་བཟུང་འདུག

民生   2024-11-07 16:30   北京  

   གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་གྲོང་སྤྱི་གཞོན་པ་ཀའོ་ཕུང་གིས་ལྐོག་རྔན་བླངས་པ་དང་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀའོ་ཕུང་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྔར་ལས་ཐག་གཅོད་བཞིན་ཡོད། 


གསར་འགྱུར་འོས་སྦྱོར།
མི་214རྐྱེན་ལམ་དུ་ཤོར་འདུག
ཨ་རིས་འདི་བཀག་སྡོམ་བྱས་པའི་ཐད།
འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག
རྒྱ་གར་དང་ཐག་གཅོད་ཇུས་གཞི་འདི་བཟོས་ཟིན།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章