གཏོར་-35Aཡིས་ཐའེ་ཝན་ལ་འཇིགས་སྐུལ་གསར་པ་བཟོས་ཟེར་བའི་ཐད།

民生   2024-11-16 11:31   北京  

    ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པ་ཞིག་གིས། སྐབས་བཅོ་ལྔ་པའི་ཀྲུང་གོའི་མཁའ་འགྲུལ་འགྲེམས་སྟོན་ཀྲུའུ་ཧའེ་རུ་གཉེར་བཞིན་ཡོད། གླིང་ཕྲན་ནང་གི་གླེང་ཕྱོགས་ཀྱིས་སྐམ་ས་ཆེན་མོས་ཐོག་མར་བཏོན་པའི་གནམ་གྲུ་གསར་པ་གཏོར-35Aསོགས་ལ་དོ་ཁུར་ཆེན་པོ་བྱས་ཤིང་། ཐའེ་ཝན་ལ“འཇིགས་སྐུལ་གསར་པ”བཟོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

   རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥུང་ལན་གྱིས་དྲིས་ལན་བཏབས། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་ཟླ་11ཚེས་12ནས་ཚེས་17ཉིན་བར་ཀྲུའུ་ཧའེ་རུ་འཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་47ནས་ཡོང་བའི་ཁེ་ལས་1022འགྲེམས་སྟོན་ནང་ཞུགས་ཡོད། མཁའ་འགྲུལ་འགྲེམས་སྟོན་གྱི་སྒོ་འཛིན་རག་དཀའ་བར་གྱུར། ཐའེ་ཝན་གྱི་གཞོན་ནུ་དང་ཐའེ་ཝན་གྱི་སྨྱན་སྦྱོར་བ་མང་པོའང་འགྲེམས་སྟོན་ལ་ལྟ་བར་ཡོང་བ་བཀུག་ཡོད་ཅིང་། མཉམ་དུ་ཀྲུའུ་ཧའེ་ཡི་མཁའ་འགྲུལ་འགྲེམས་སྟོན་གྱི“བར་སྣང་དང་། མཁའ་འགྲུལ། རྒྱ་མཚོ། སྐམ་ས”བཅས་ཀྱི་རྩེར་སོན་སྒྲིག་ཆས་ཀྱི་འགུལ་རྣམ་འགྲེམས་སྟོན་ལ་བལྟས་པ་རེད། སྐམ་ས་ཆེན་མོའི་མཁའ་འགྲུལ་མཁའ་སྐྱོད་དང་དེ་བཞིན་རྒྱལ་སྲུང་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་དང་། སྟོབས་ཤུགས་ཆེན་པོ་དེ་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པའི་ངོས་ནས་བརྗོད་ན་སྲུང་སྐྱོང་བརྟན་པོ་དང་ཆེན་པོ་ཞིག་ཡིན་པས། ཁོང་ཚོ“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་པའི་འཇིགས་སྐུལ་ཚབས་ཆེན་ལས་ཐར་ཡོད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章