རླུང་ཆེན་ལྡང་བའི་ཉེན་བརྡ་བཏང་འདུག

民生   2024-11-04 14:14   北京  

   ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་11ཚེས་4ཉིན་གྱི་ཆུ་ཚོད་06ཐོག མུ་མཐུད་དུ་རླུང་ཆེན་ལྡང་བའི་ཉེན་བརྡ་སྔོན་པོ་བཏང་གསལ་དུ།

   སྔོན་དཔག་བྱས་ན། ཟླ་11པའི་ཚེས་4ཉིན་གྱི་ཆུ་ཚོད་08ནས་ཚེས་5ཉིན་གྱི་ཆུ་ཚོད་08བར། ནང་སོག་གི་ཤར་རྒྱུད་དང་། ཧོ་པེ་ཡི་བྱང་རྒྱུད། ཐེན་ཅིན། ལེའོ་ཉིང་གི་ནུབ་རྒྱུད་དང་དབུས་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་སོགས་སུ་དྲག་རླུང་རིམ་པ་5ནས་6བར་དང་། ཐོལ་རླུང་རིམ་པ་7ནས་8བར་ཡོད་པ་དང་། མཚོ་རྒྱུད་ས་ཁུལ་གྱི་ཐོལ་རླུང་རིམ་པ་9ལ་སླེབས་ཐུབ། ཤར་རྒྱ་མཚོའི་ལྷོ་ནུབ་རྒྱུད་དང་། ཐའེ་ལྦན་མཚོ་འགག པ་ཧྲི་མཚོ་འགག  ལྷོ་མཚོའི་བྱང་ཤར་རྒྱུད་ཀྱི་མཚོ་ཁོངས་ཁ་ཤས་སུ་དྲག་རླུང་རིམ་པ་7ནས་8དང་། ཐོལ་རླུང་བྱང་ཤར་རླུང་རིམ་པ་9ཡོད།

   འགོག་སྲུང་ཕྱོགས་སྟོན།

   1. ཀྲུང་དབྱང་གནམ་གཤིས་ལས་ཁུངས་དང་། ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་ཀྱིས་རླུང་ཆེན་ལྡང་བའི་དབང་གིས་མཚོ་ཁོངས་སུ་འགྲུལ་སྐྱོད་དང་། ལས་ཀ་བྱེད་རྒྱུར་གནོད་ངེས་ཀྱི་མཚོ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།

   2.ནགས་ཚལ་དང་། རྩྭ་ཐང་། གྲོང་ཁུལ་བཅས་ཀྱི་མེ་ཟོན་སྡེ་ཁག་གིས་མེ་ཟོན་གྱི་གྲ་སྒྲིག་ཡག་པོར་བྱེད་དགོས་པ་དང་། གནམ་ཐང་དང་། ལྕགས་ལམ། གཞུང་ལམ་སོགས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ངེས་པར་དུ་བྱེད་ཐབས་སྤྱད་ནས། འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱེད་དགོས།

   3.མཁའ་དབྱིངས་དང་ཆུ་ཐོག་སོགས་ཕྱི་རུ་ལས་ཀ་བྱེད་པ་དང་སྤྲོ་གསེང་རོལ་རྩེད་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ་དང་། མཐའ་བསྐོར་བྱེད་པང་ལེབ་དང་། ཁེབས་སྒྲོམ་གྱི་བརྡ་ཁྱབ་བྱང་བུ། སྟབས་བདེའི་སྒྲིག་ཆས་སོགས་རླུང་གིས་འཁྱེར་སླ་བའི་བཟོ་སྐྲུན་དངོས་པོའི་རིགས་བརྟན་དུ་གཏོང་བའམ་ཡང་ན་བཀོད་སྒྲིག་འཚམ་པོར་བྱེད་དགོས།

   4.ལམ་འགྲོ་བ་དང་རླངས་འཁོར་དག་བཟོ་སྐྲུན་དངོས་པོ་མཐོན་པོ་དང་བརྡ་ཁྱབ་བྱང་བུ་སོགས་གནས་སྐབས་ཀྱི་བཟོ་སྐྲུན་དངོས་པོའམ་ཡང་ན་ཤིང་སྡོང་འོག་ཏུ་འདུག་མི་རུང་།  


གསར་འགྱུར་འོས་སྦྱོར།
བཀག་སྡོམ་འདི་མེད་པར་བཟོས།
ཨ་རིས་འདི་བཀག་སྡོམ་བྱས་པའི་ཐད།
རྒྱ་གར་དང་ཐག་གཅོད་ཇུས་གཞི་འདི་བཟོས་ཟིན།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章