ས་ཡོམ་ནང་ཕ་མ་གཉིས་ཀ་གྲོངས་པའི་བུ་དེ་ཁོང་རྣམ་པས་གསོ་རྒྱུའི་ཐག་བཅད

政务   2025-01-14 18:04   西藏  



     དིང་རིའི་ས་ཡོམ་ཁྲོད་ལོ་16ལ་སླེབས་པའི་དོན་གྲུབ་ཀྱི་ཕ་མ་གཉིས་ཀ་རྐྱེན་ལམ་དུ་ཤོར།
     ཟླ་1ཚེས་13ཉིན། དོན་གྲུབ་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་བྱིས་པའི་ཕན་བདེ་ཁང་དང་པོས་བསུས་པས་ཁོང་ལ་ལྟ་རྟོག་དེ་བས་ལེགས་པ་ཐོབ་ངེས་རེད།

  

    དོན་གྲུབ་ནི་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོ་ནས་ཡིན་པ་དང་དིང་རི་རྫོང་དམའ་རིམ་སློབ་འབྲིང་དང་པོར་སྐྱོད་བཞིན་ཡོད།
     ཟླ་1ཚེས་7ཉིན་གྱི་ཞོགས་པར། དོན་གྲུབ་དང་ཁོང་གི་ནང་མི་གཉིད་དུ་ཡུར་བའི་སྐབས་སུ་གློ་བུར་དུ་ས་ཡོམ་བརྒྱབ་སྟེ་ཁང་པ་ལོག་པས། ཁོང་ཚོ་ཚང་མ་ཞིག་རོའི་འོག་ཏུ་ལུས། སྐབས་དེར་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འཕྲལ་དུ་རོགས་སྐྱོབ་བྱས་མཐར་དོན་གྲུབ་བདེ་བླག་ངང་བསྐྱབས་ཐུབ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོང་གི་ཕ་མ་གཉིས་ནམ་ཡང་འཇིག་རྟེན་འདི་ནས་ཁ་བྲལ་བ་རེད།
     དོན་གྲུབ་ཀྱི་ཁྱིམ་ལ་གནས་ཚུལ་འདི་འདྲ་ཐོན་པ་ཤེས་རྗེས། དཔུང་སྡེའི་དཔོན་དམག་གིས་ཁོང་ལ་གྱོན་ཆས་བསྐྱལ་བ་དང་། ཤང་གི་ལས་བྱེད་པས་འོ་མ་སོགས་འཚོ་བའི་མཁོ་ཆས་སྤྲད་པ། དེ་བཞིན་བྱམས་སེམས་ཅན་མང་པོས་གཅིག་རྗེས་གཉིས་མཐུད་ངང་དངུལ་ཞལ་འདེབས་བརྒྱབ་ནས་དོན་གྲུབ་གང་མགྱོགས་སྡུག་བསྔལ་གྱི་གནས་ལས་ཐར་བ་མ་ཟད་མུ་མཐུད་འཚོ་བ་སྐྱེལ་བའི་ཡིད་ཆེས་དང་སེམས་ཤུགས་འཕེལ་བར་བྱས།



    དོན་གྲུབ་ཀྱི་སྲུ་མོ་ཆོས་སྐྱིད་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོའི་སྲོག་བསྐྱབས་པ་མ་ཟད། ད་དུང་ཟས་གོས་སྡོད་གསུམ་གྱི་དཀའ་ངལ་ཡང་ཐག་གཅོད་གནང་བྱུང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་གྲུབ་དམངས་སྲིད་ཅུས་ཀྱིས་བསུས་པས། ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།
  དོན་གྲུབ་ཀྱི་ཨ་ཞང་ཚེ་རིང་རྡོ་རྗེས“སྤྱི་ཚོགས་ལས་རིགས་ཁག་གི་བྱམས་སེམས་ཅན་གྱིས་ཕྲུ་གུ་འདིར་ཐུགས་ཁུར་ཆེན་པོ་བྱེད་ཀྱི་འདུག ང་ཚོ་བློ་བདེ་པོ་བྱུང”ཞེས་བཤད།


    གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་བྱིས་པའི་ཕན་བདེ་ཁང་དང་པོའི་ཡོན་ཀྲང་མིག་དམར་མཚམས་གཅོད་ཀྱིས“ང་ཚོས་ཕྲུ་གུར་གང་ཐུབ་ཅི་ཐུབ་ཀྱིས་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡིན། ཁྱེད་ཚོ་སེམས་ཁྲལ་གནང་མི་དགོས”ཞེས་བཤད།


    སླད་ཕྱིན་ངས་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡིན།  སློབ་སྦྱོང་ལ་འབད་བརྩོན་དང་འཚོ་བ་ཡག་པོ་བསྐྱལ་ནས་དེ་སྔ་ཕ་མ་གཉིས་ཀྱིས་རེ་སྒུག་བྱེད་པའི་མི་ཞིག་ཏུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་དོན་གྲུབ་ཀྱིས་བཤད།


ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་བས་ཁེངས། གཟིགས་དང་།

དིང་རི་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་འདུག

ཤ་ལས་མཆེད་པའི་ཕྲུ་གུ་གཉིས་གྲོངས་པའི་གདུང་བས་མནར་རུང་། ཁོང་གིས……




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章