རྒད་པོས་ཉེན་རྟོག་པར་མཐེ་བོང་བསྒྲེངས་དོན་ནི……

政务   2025-01-12 12:09   西藏  


    དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ས་དགའ་རྫོང་སྤྱི་བདེ་ཅུས་ཀྱིས་བཀའ་རྒྱ་འབྱོར་མ་ཐག ཉེན་རྟོག་པ་36མྱུར་དུ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བཏང་བ་རེད།


      ཟླ་1ཚེས་10ཉིན། དིང་རི་རྫོང་ཆུ་ལྷོ་ཤང་སྐྱིད་ཞོང་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས་རོགས་སྐྱོར་གནང་རོགས་ཞུས་པས། མི་དམངས་ཉེན་རྟོག་པས་ལག་པ་ཁོ་ནར་བརྟེན་ནས་ཡུལ་མི་བཀྲ་ཤིས་ཀྱི་ཉེན་ཡོད་ཁང་པ་ནས་དངུལ་སྨར་སྒོར་ཁྲི་12ལྷག་ཙམ་བཏོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒད་པོ་བཀྲ་ཤིས་ཀྱི་བཟའ་ཟླ་གཟུགས་པོ་ཐང་པོ་མེད་པས། མ་གཞི་བྱས་ན་ཁོང་གཉིས་པོས་ལོ་མང་བསགས་པའི་དངུལ་སྒོར་ཁྲི་12དེ་ཁྱེར་ནས་ད་ལོ་བཟའ་ཟླ་སྨན་ཁང་ཆེན་པོ་ཞིག་ལ་སྨན་པ་བསྟེན་པར་འགྲོ་རྩིས་ཡོད་པ་རེད། མི་དམངས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་སྔོག་རོགས་བྱས་པ་བརྒྱུད། དངུལ་དེ་ཡང་བསྐྱར་རྒན་འཁོགས་གཉིས་པོའི་ལག་ཏུ་རག་པས། རྒད་པོ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་སྤྱི་བདེའི་ཉེན་རྟོག་པར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་པ་རེད། དེ་རྗེས། ས་དགའ་རྫོང་གི་སྤྱི་བདེ་ཉེན་རྟོག་པའི་རོགས་རམ་འོག་རྒད་པོའི་དངུལ་ཚང་མ་ཞིང་ལས་དངུལ་ཁང་དིང་རི་རྫོང་ཡན་ལག་དངུལ་ཁང་ལ་བཅོལ་ཡོད་པ་རེད།




ཀྲུང་དབྱང་ནས་དིང་རིའི་ཡོམ་འགོག་གེཊ་སེལ་སྐོར་ལ་བཀོད་སྒྲིག་གནང་དོན

ཀྲུང་དབྱང་ནས་ཏང་དངུལ་སྒོར་ཁྲི་5000ས་ཡོམ་བརྒྱབ་ཁུལ་དུ་སྤྲད་འདུག

པར་འདི་དག་རྫུན་མ་རེད་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章