ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། ཉིན་དེའི་ཕྱི་དྲོ་དབྱི་སི་རལ་བྱང་རྒྱུད་ཀྱི་ཅ་ལི་ལི་དང་། ཞི་ཅ་ལི་ལི། ཀྲུང་ཁ་ལི་ལི། ཧའེ་ཧྥ་མཚོ་ཁུག་བཅས་ས་ཁུལ་དུ་མཁའ་ཟོན་གྱི་ཉེན་བརྡ་བཏང་རྗེས། སྒྱོགས་མདེལ་25ཙམ་ལེ་པ་ནོན་ནས་འཕངས་པ་དབྱི་སི་རལ་དམག་དཔུང་གིས་ལྟ་ཞིབ་ཚད་ལེན་ཐུབ་བྱུང་ཞེས་བཤད་པ་རེད། སྒྱོགས་མདེལ་ཁ་ཤས་དམག་དཔུང་གིས་བཀག་པ་དང་། ཁ་ཤས་ཤིག་དབྱི་སི་རལ་གྱི་ཁོངས་སུ་ལྷུངས་པ་རེད།
དབྱི་སི་རལ་གྱི་སྨྱན་སྦྱོར་དུ་ས་གནས་དེ་གའི་མྱུར་སྐྱོབ་སྡེ་ཚན་གྱི་ཆ་འཕྲིན་དྲངས་པར་གཞིགས་ན། ད་ཐེངས་ཀྱི་འཇབ་རྒོལ་ནང་ས་ཁུལ་ཕྱི་རོལ་གྱི་མི་2རྐྱེན་ལམ་དུ་ཤོར་བ་དང་། མི་1ལ་རྨས་སྐྱོན་ཕོག་ཡོད་པ་རེད།