ཟླ་11ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ད་ཐེངས་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པས་རང་རྒྱལ་གྱི་རིག་དངོས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། རྩ་ཆེའི་ཉམས་མྱོང་བཅའ་ཁྲིམས་ལ་རིམ་སྤོར་བྱུང་བ་དང་། རིག་དངོས་བཅའ་ཁྲིམས་ལམ་ལུགས་ཀྱི་སྒྲོམ་གཞི་སྔར་བས་འཐུས་ཚང་དུ་གཏོང་བ། རིག་དངོས་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་དངོས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་། བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་ལེགས་པའི་ཁྲིམས་སྐྱོང་འགན་སྲུང་བྱ་རྒྱུ་རེད།
རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་1982ལོའི་ཟླ་11པར་ཁྱབ་བསྒྲགས་ལག་བསྟར་བྱས་ཚུན། བཟོ་བཅོས་ཐེངས་1དང་དག་བཅོས་ཐེངས་5བྱས་པ་དང་། ད་ཐེངས་སླར་ཡང་བཟོ་བཅོས་བརྒྱབ་པ་དེའི་ཐོག་ནས་རང་རྒྱལ་གྱི་རིག་དངོས་སྲུང་སྐྱོབ་དེ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།