ཛ་དྲག་གི་དྲན་སྐུལ་བཏང་དོན།

民生   2024-11-06 11:30   北京  

    དཀོན་པའི་ལྕགས་རིགས་ཀེལ་ནི་རང་རྒྱལ་གྱི་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་རེད། ཀེལ་འཐབ་ཇུས་དང་ལྡན་པར་གསོག་པའི་དགོས་མཁོར་ཁག་ཐེག་བྱེད་ཆེད། 2023ལོར་རང་རྒྱལ་གྱིས་ཀེལ་ཕྱིར་གཏོང་བཀག་འགོག་གི་ཁོངས་སུ་བཅུག་ཡོད། ཉེ་ཆར། མངའ་ཁོངས་ཕྱི་ནང་གི་མི་སྣས་སྒེར་ཕན་གྱི་ཆེད་དུ་ངན་འབྲེལ་བྱས་ཏེ། ལྕགས་རིགས་ཀེལ་ལྐོག་ཏུ་ས་མཚམས་ཕྱི་རོལ་དུ་སྐྱེལ་རྩིས་བྱེད་པའི་གྱོད་གཞི་ཞིག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ཐག་གཅོད་བྱས་པ་རེད། 

   རྒྱལ་ཁབ་བདེ་འཇགས་ལས་ཁུངས་སུ་ཐེར་འདོན་གོང་ཞུ་འབྱོར་དོན་དུ། མངའ་ཁོངས་ཕྱི་རོལ་གྱི་ཏུའུ་ཆེ་གེ་མོས་རྒྱལ་ཁབ་ཀྱི་དོ་དམ་བྱེད་ཁོངས་དངོས་པོ་ཕྱིར་ཁྱེར་རྩིས་བྱས། ཐེར་འདོན་གོང་ཞུ་འབྱོར་རྗེས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ་དུས་ཐོག་ཏུ་གནས་དེར་འབྱོར་ནས་བཀག་འགོག་བྱས་པ་མ་ཟད། ཁོའི་རྡོག་ཁྲེས་ནང་ནས་ལྕགས་རིགས་ཀེལ་བླུགས་པའི་ཤེལ་དམ་1རྩད་ཆོད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཏུའུ་ཆེ་གེ་མོས་རྒྱལ་ནང་གི་ལྕགས་རིགས་རྒྱུ་ཆ་ཀུང་སི་ག་གེ་མོའི་མི་སྣ་ཐང་ཆེ་གེ་མོའི་མངགས་བཅོལ་ལྟར། ལྕགས་རིགས་ཀེལ་བླུགས་པའི་ཤེལ་དམ་དེ་རྡོག་ཁྲེས་ནང་བླུགས་ནས་རྒྱལ་མཚམས་ནས་ཕྱིར་ཁྱེར་རྩིས་ཡོད་པ་ཤེས།

   རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་རྗེས། 2024ལོའི་ལོ་འགོར། རྒྱལ་ནང་གི་ལྕགས་རིགས་རྒྱུ་ཆའི་ཀུང་སི་ག་གེ་མོའི་མི་སྣ་ཐང་ཆེ་གེ་མོས་ཕྱི་རྒྱལ་གྱི་མི་སྣ་ཧྥན་ཆེ་གེ་མོའི་བཀོད་པ་ལྟར། རྒྱལ་ནང་དུ་ལྕགས་རིགས་ཀེལ་ཉོ་སྒྲུབ་བྱས་པ་མ་ཟད་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱས་པ་རེད། ལྟ་སྐུལ་དོ་དམ་ལ་གཡོལ་ཆེད། ཐང་ཆེ་གེ་མོས་ལྕགས་རིགས་ཀེལ་བླུགས་པའི་ཤེལ་དམ་དེ་མངའ་ཁོངས་ཕྱིའི་མི་སྣ་ཏུའུ་ཆེ་གེ་མོར་བརྒྱུད་སྤྲོད་བྱས་པ་དང་། ཏུའུ་ཆེ་གེ་མོར་རྒྱལ་མཚམས་ལས་ཁྱེར་ནས་ཧྥན་ཆེ་གེ་མོར་བརྒྱུད་སྤྲོད་དགོས་པའི་མངགས་བཅོལ་བྱས།  གོང་གསལ་གནས་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་མཉམ་འབྲེལ་ཁྲིམས་འཛིན་བྱེད་སྒོ་སྤེལ་བས་དོན་དེ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་འབྲེལ་ཡོད་འགན་འཁྲིའི་མི་སྣ་བཅའ་ཁྲིམས་ཀྱི་བདའ་འདེད་བཏང་བ་རེད།

   རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཀེལ་དང་འདྲ་བའི་རྩ་ཆེའི་ལྕགས་རིགས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་དང་། ནུས་རྒྱུ་ཕྱོགས་སྒྱུར་དང་། ལག་རྩལ་ཡར་ཐོན། ཐོན་ལས་རིམ་སྤོར་བཅས་ལ་འདེགས་སྐྱོར་བྱེད་པའི་འགག་རྩའི་དངོས་པོའི་རྨང་གཞི་ཡིན་པས། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་དང་འབྲེལ་བ་ཡོད་པས། རྒྱ་ཆེའི་སྤྱི་དམངས་ཀྱིས་འབྲེལ་ཡོད་དོགས་ཡོད་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཁ་པར་12339རྒྱག་པ་དང་། དྲ་རྒྱའི་ཐེར་འདོན་ལས་སྟེགས་(www.12339.gov.cn) རྒྱལ་ཁབ་བདེ་འཇགས་པུའི་སྐད་འཕྲིན་སྤྱི་སྟེགས་ཐེར་འདོན་བདག་སྤྲོད་བྱེད་ཁོངས་སོགས་བརྒྱུད་ནས་ཐེར་འདོན་བྱེད་པའམ་ཡང་ན་ས་གནས་དེ་གའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐད་ཀར་ཐེར་འདོན་བྱས་ཆོག


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章