གཟིགས་དང་། ཁ་པར་ལ་གློག་འདི་ལྟར་གསོག་དགོས།

民生   2024-11-13 08:01   北京  

   པེ་ཅིང་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་དང་པེ་ཅིང་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་“ཚན་རིག་”ཟེར་བའི་འཆལ་གཏམ་བསྒྲགས་རིམ་ཁྱབ་བསྒྲགས་བྱས་ནས། “ལག་ཐོགས་ཁ་པར་གྱི་གློག་ཚད་ངེས་པར་དུ་བེད་སྤྱོད་ཚར་རྗེས་ད་གཟོད་གློག་གསོག་དགོས། དེ་ལྟར་བྱས་ཚེ་གློག་རྫས་སྤྱོད་ཡུན་རིང་དུ་འགྲོ་ཐུབ་”ཅེས་པའི་འཆལ་གཏམ་ཐེར་འདོན་བྱས་པ་རེད།

   “གློག་རྫོགས་རྗེས་ད་གཟོད་གློག་གསོག་དགོས་”ཟེར་བའི་བཤད་སྲོལ་ནི་སྔོན་ཆད་ནིག་ཁིར་གློག་རྫས་བཀོལ་མ་ཚར་དུས་གློག་གསོག་ན། དྲན་ཤེས་ཀྱི་ནུས་པ་ཐོན་ཏེ། གློག་རྫས་སྤྱོད་ཡུན་ཇེ་ཆུང་དུ་འགྲོ་བ་རེད། འོན་ཀྱང་། ད་ཆ་ལག་ཐོགས་ཁ་པར་དུ་སྤྱོད་བཞིན་པའི་གློག་རྫས་ནི་ལི་རེད། གློག་རྫས་ལི་སྤྱོད་ཡུན་ནི་གློག་གསོག་ཡུན་གྱི་ཐེངས་གྲངས་དང་འབྲེལ་བ་ཡོད།

   གློག་རྫས་ལི་ལ་མཚོན་ན། “གློག་རྫོགས་རྗེས་བསྐྱར་དུ་བསགས་ན་”གློག་རྫས་གསོག་ཚད་ལ་གནོད་པ་ཡོད་པས། གློག་རྫས་ལི་ཡང་དག་པར་སྤྱོད་ཐབས་ནི་གློག་རྫོགས་པ་དང་གློག་བསགས་ན་གློག་གསོག་ཐལ་ཤོར་ཉེན་ཡོད་པས། གློག་མ་གང་གོང་ནས་གློག་གསོག་དགོས་པ་འདི་རེད། 


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章