ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཁང་གི་དྲ་ཐོག་ཏུ་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་11ཚེས་7ཉིན་གྱི་ཆུ་ཚོད་04དང་སྐར་མ་19ཡི་ཐོག བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་(བྱང་གི་འཕྲེད་ཐིག་29.85དང་ཤར་གྱི་གཞུང་ཐིག་92.25)ཏུ་ས་ཡོམ་རིམ་པ་4.5བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྨི་སྟོང་10ཟིན་ཡོད་པ་རེད། ལྷ་ས་གྲོང་ཁུལ་དུ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་།