ཟླ་11པའི་ཚེས་15ཉིན་གྱི་ཆུ་ཚོད08པ་ནས་ཚེས་16གི་ཆུ་ཚོད08པ་བར། ནང་སོག་གི་ཤར་ཕྱོགས་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་ཕྱོགས་རི་ཁུལ། ཀན་སུའུ་ཡི་མདོ་ལ་རིང་མོའི་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་དུ་ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཁ་བ་ཧ་ཅང་ཆེན་པོ་(ཧོ་སྨི་10~15)འབབ་རྒྱུ་རེད།