ཨ་རིའི་དམག་དོན་གནམ་གྲུ་འདི་དབུས་ཤར་ཁུལ་དུ་འབྱོར་བ།

民生   2024-11-04 16:30   北京  

   ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་2ཉིན། ཨ་རིའི་དམག་ཕྱོགས་ཀྱིས་ཨ་རིའི་B-52རྟགས་ཅན་འབར་མདེལ་དབྱུག་བྱེད་གནམ་གྲུ་དབུས་ཤར་ས་ཁུལ་དུ་འབྱོར་བ་ཁྱབ་བསྒྲགས་བྱས་པ་རེད། ཉིན་གཅིག་གི་གོང་དུ། ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་གྱིས་དབུས་ཤར་ས་ཁུལ་དུ་མཐར་སྐྲོད་དམག་གྲུ་དང་། དམག་འཐབ་གནམ་གྲུB-52འབར་མདེལ་དབྱུག་བྱེད་གནམ་གྲུ་སོགས་ཚུད་པའི་དམག་དོན་སྟོབས་ཤུགས་དེ་བས་ཆེ་བ་མང་དུ་གཏོང་རྒྱུའི་བཀའ་བཏང་ཡོད་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའི་མགྲིན་ཚབ་པ་ཕ་ཐེ་·ལའེ་ཏེས་བཀོད་སྒྲིག་སྐོར་གྱི་གསལ་བསྒྲགས་ཤིག་གི་ནང་“དབྱི་རན་དང་དེའི་མཉམ་ལས་རོགས་ཟླའམ་ཡང་ན་དེའི་ལས་ཚབ་པས་སྐབས་འདི་དང་བསྟུན་ནས་ས་ཁུལ་དེར་ཡོད་པའི་ཨ་རིའི་མི་སྣའམ་ཡང་ན་ཁེ་ཕན་ལ་དམིགས་ཚེ། ཨ་རིས་བྱེད་ཐབས་དགོས་ངེས་མཐའ་དག་སྤྱད་དེ་དམངས་ཚོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།

   དེའི་གོང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་2ཉིན། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱིས་གཏམ་བཤད་སྤེལ་སྐབས། ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་འཛིན་པའི་བྱེད་ལུགས་བྱེད་སྟངས་ལ་ལན་ནན་པོར་བསློག་རྒྱུ་ཡིན་ཞེས་བཤད་ཡོད། 


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章