@ཁ་ལོ་བ་ཚོ། ལག་ཁྱེར་འདི་ལ་འགྱུར་བ་ཆེན་པོ་འདུག

民生   2024-11-05 08:01   北京  

    གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོད་ལྟའི་རྨང་གཞིའི་ཐོག་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གློག་རྡུལ་ཅན་དེ་སང་ཉིན(ཟླ་11ཚེས་4ཉིན)ནས་ཟླ་12ཚེས་2ཉིན་བར། རྒྱལ་ཡོངས་སུ་ཁག་གསུམ་ལ་བགོས་ནས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་དང་། ལས་སྒྲུབ་འགྲོ་ལུགས་ཀྱི་རྒྱུ་ཆ་སྔར་བས་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་རེད།

    ཟླ་11ཚེས་4ཉིན་ནས་བཟུང་། ཐའེ་ཡོན་དང་། ཧུའུ་ཧོ་ཧའོ་ཐེ། ནན་ཅིང་། ཁྲེང་ཏུའུ་སོགས་ས་ཆའི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས“འགྲིམ་འགྲུལ་དོ་དམ་12123”Appཐོ་འགོད་བྱས་ནས་ཐད་ཀར་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ལེན་ཆོག་གི་ཡོད་པ་རེད།

     སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་རླངས་འཁོར་དང་ཁ་ལོ་པ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་གོ་ཆང་གིས། གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་བརྒྱུད་རླངས་འཁོར་གྱི་ཁྲིམས་འགལ་དང་དོན་རྐྱེན་དུས་ཐོག་ཏུ་ལྟ་ཐུབ་ཀྱི་ཡོད་པ་སྟེ། རྒྱུན་གཏན་གྱི་ཞིབ་བཤེར་དང་བེད་མེད་ཟུར་འཇོག་སོགས་ཀྱི་གནས་ཚུལ་ཚུད་ཡོད་ལ། ཚང་མས་བྱ་བ་སྒྲུབ་པའི་གནས་ཚུལ་མང་པོ་དུས་ཐོག་ཏུ་སྟོན་ཐུབ་པ་དང་། ཞིབ་དཔྱད་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

    གསལ་བཤད་བྱེད་དགོས་པ་ཞིག་ལ།《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། ཤོག་བུའི་འགྲོ་སྐྱོད་ལག་ཁྱེར་དེ་རླངས་འཁོར་དང་མཉམ་དུ་འཛིན་དགོས། གློག་རྡུལ་འགྲོ་སྐྱོད་འཛིན་ཡིག་དེ་གཙོ་བོ་འབྲེལ་ཡོད་སྒེའུ་ཁུང་གི་ལས་སྒོ་རུ་བཀོལ་དགོས།

    སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་རླངས་འཁོར་དང་ཁ་ལོ་བའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་གོ་ཆང་གིས། དཔེར་ན། འགྲིམ་འགྲུལ་དོ་དམ་གྱི་རླངས་འཁོར་རམ་ཁ་ལོ་བའི་ལས་སྒོའི(ལས་སྒོ)ཐོ་འགོད་དང་། ཁྲིམས་འགལ་ཐག་གཅོད། བྱུར་ཉེས་ཐག་གཅོད་སོགས་སྐར་ཁུང་གི་ལས་སྒོ་ཚང་མར་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་བསྟན་ནས་གཉེར་ཆོག་གི་ཡོད་པ་རེད། དེ་དང་ཆབས་ཅིག་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཀྱང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བེད་སྤྱོད་རྣམ་པ་སྔར་བས་ཆེ་རུ་གཏོང་རྒྱུ་སྟེ། དཔེར་ན། འགྲུལ་ཟོག་སྐྱེལ་འདྲེན་གྱི་ལག་ཁྱེར་དང་འགན་བཅོལ་གུན་གསབ་སོགས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章