བོད་ཀྱི་དྲྭ་དཔོན་ཟེར་བ་དེ་ཚོའི་ཕྱི་ནང་། དགེ་འདུན་རྒྱ་མཚོ།

文摘   2024-12-09 10:56   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

བོད་ཀྱི་དྲྭ་དཔོན་ཚོའི་ཕྱི་ནང་། 



རྩོམ་པ་པོ། དགེ་འདུན་རྒྱ་མཚོ།

      དུས་ཀྱི་ཚ་རླབས་སྟོབས་ཀྱིས་འཕྱུར་བའི་ཁྲོད་འཛམ་གླིང་གང་སར་དཔལ་འབྱོར་འཚོལ་སྒྲུབ་ལ་ཤིན་ཏུ་བྲེལ་པ་བཞིན། རང་རེ་ཁ་བ་ཅན་པའི་མི་དག་ཀྱང་དཔལ་འབྱོར་འཚོལ་སྡུད་ལ་ཤིན་ཏུ་བྲེལ་ཅིང་། ད་ལྟ་རང་རེའི་ལོ་ཆུང་ཚོར་དྲི་བ་རེ་དྲིས་ན། ཅུང་ཁ་ཕྱོགས་ཡོད་མཁན་ཚོས་མ་འོངས་པར་ཚོང་ལས་གཉེར་ཏེ། དཔལ་འབྱོར་ཆེན་པོར་གཏང་རྒྱུ། ཚོང་བ་ཆེན་པོར་འགྱུར་དགོས་ཞེས་ཡོད་ཚད་དཔལ་འབྱོར་དང་འབྲེལ་བའི་ལན་ཤ་སྟག་ཏུ་འདེབས་ཤིང་། སློབ་སྦྱོང་དང་རིག་གནས་པར་འགྱུར་འདོད་པའི་ན་གཞོན་ནི་ཤིན་ཏུ་དཀོན་ཅིང་ལོ་ཡི་ཁར་ལོ་བསྣན་ཏེ་འཚོལ་དགོས་པའི་གནས་སུ་གྱུར་ཡོད། ལན་རེར་བསམ་ན་དགའ་སྤྲོ་སྐྱེ་སྟེ། མི་རིགས་དང་ཚོགས་སྡེ་གང་ཞིག་ཡིན་ཡང་དཔལ་འབྱོར་ཡོད་ན་དོན་དང་ལྡན་པའི་བྱ་བ་མང་དུ་སྒྲུབ་ནུས་པས། རང་རེས་ན་གཞོན་དག་ཀྱང་དཔལ་འབྱོར་ཡར་སྒྲུབ་ཀྱི་བསམ་པ་ཡོད་ན་ཅིའི་ཕྱིར་མི་དགའ། 

      འོན་ཀྱང་། དོན་དངོས་ཐོག་དཔལ་འབྱོར་ལས་བསམ་དུ་མེད་ཅིང་སློབ་སྦྱོང་དང་ཡོངས་སུ་བྲལ་པའི་རྒྱུ་ནོར་འཚོལ་སྡུད་ནི་ཇི་འདྲའི་ཡ་ང་བ་ཞིག་སྟེ། འདི་ལ་བརྟེན་མི་རིགས་ཀྱི་ལ་རྒྱ། བཟང་སྤྱོད་དང་རྒྱུ་འབྲས་དྲང་བདེན་སོགས་རྩ་བ་ནས་འདོར་སྲིད་པ་ཡིན། དེས་ན། སློབ་སྦྱོང་གི་མ་གཞི་ཡོད་པའི་སྒོས་ད་གཟོད་དཔལ་འབྱོར་འཚོལ་སྡུད་ཀྱི་ལས་ལ་རེམ་ན། རྒྱུ་ནོར་འཕེལ་རྒྱས་ཀྱི་མྱུར་ཁྱད་མི་འདྲ་ཞིང་། ངོ་ཚ་དང་དྲང་བདེན། ལ་རྒྱ་དང་མི་རིགས་ཀྱི་སྣང་བརྙན་སོགས་ཀྱང་སྲུང་ཐུབ་པའམ་འདོར་མི་དགོས་པ་ཡིན། འོན་ཀྱང་། ད་ལྟ་རང་རེའི་སྤྱི་ཚོགས་སུ་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་གི་མངོན་འདོད་མེད་ཅིང་དཔལ་འབྱོར་གྱི་བསླུ་བྲིད་རབ་ཏུ་ཆེ་བ་མ་ཚད། ལྷག་པར་དྲྭ་ལམ་ཐད་གཏོང་གཉེར་མཁན་གྱི་རང་རེའི་‘དྲྭ་དཔོན་’དུ་འབོད་པ་དག་ནི་བོད་མི་རིགས་ཀྱི་ཞབས་འདྲེན་ཏེ། དཔལ་འབྱོར་འཚོལ་སྡུད་ཀྱི་ཆེད་དུ་རང་རེའི་‘རྡུང་ལེན་སྒྱུ་རྩལ’་གཙོས་ལ་གཞས་དང་ཐ་ན་བྱིས་པ་ཚུན་ཆོད་ནས་རང་གི་རྒྱུ་ནོར་འཚོལ་བའི་ལག་ཆ་རུ་སྔ་མོ་ནས་ཁྱེར་ཟིན།  བོད་མི་རིགས་ཀྱི་བྱམས་བརྩེ་བེད་སྤྱད་དེ།  ནད་པ་ཉམ་ཐག་ལྟ་བུས་མཚོན་སྤྱི་ཚོགས་ཁྲོད་ཀྱི་དབང་བོ་དང་ཀླད་པ་སྐྱོན་ཅན་སོགས་མང་པོ་ཞིག་ཀྱང་དཔལ་འབྱོར་གྱི་ལག་ཆ་རུ་བསྒྱུར་ཅིང་སྒྱུར་བཞིན་པའོ། །

     ཁ་ནས་‘དགེ་ལས’་ཞེས་ཆེན་པོ་ཞིག་གླེང་ནའང་དོན་དུ་རང་ཉིད་ལ་ཁེ་ཕན་མེད་ན་རོགས་ཏིལ་ཙམ་ཡང་མི་བགྱི་བའི་བྱེད་ལུགས་འདིའི་རང་རེའི་ཡ་རབས་ཀྱི་བཟང་སྤྱོད་མང་པོ་ཡང་སྣུབ་བཞིན་ཡོད།  མདོར་ན། ‘དྲྭ་དཔོན་’དུ་འབོད་པ་ཁོང་ཅག་གིས་ནི་རྒྱུ་ནོར་འཚོལ་སྒྲུབ་ཀྱི་ཆེད་མི་རིགས་ཀྱི་ལ་རྒྱ་དང་ངོ་ཚ། རིག་གཞུང་སོགས་མ་འོངས་པ་གང་ལ་ཡང་བསམ་བློ་མི་གཏོང་ཞིང་། རྒྱུ་ནོར་འཚོལ་སྒྲུབ་ཐུབ་ན། སྐྱེས་ཕོ་རབ་ཅིག་ལ་ཆེས་མ་མཐའ་ཡང་དགོས་ངེས་ཀྱི་སྐྱེ་བོ་སྒེར་གྱི་ལ་རྒྱ་དང་ངོ་ཚ་སོགས་ཀྱང་ཅི་སྙམ་པར་ཐད་ཀ་ཐད་ཀར་འདོར་ངེས་སུ་འདུག ད་སྔ་ཡན་ཆོད་ཁོང་ཅག་གིས་མི་ལ་ཕྱག་འཚལ་པུས་བཙུག་གིས་དཔལ་འབྱོར་བཙལ་ཅིང་། བོད་མི་དམངས་ལ་མནའ་སྐྱེལ་དམ་བཞག་གིས་ཚོང་རྫས་རྫུན་མ་བཙོང་། ལོ་དང་ཟླ་བ་བྱས་ནས་འཁྲབ་སྟོན་དང་ཆགས་གཏམ་ཁྲོམ་བསྒྲགས་བྱས། ད་ལྟ་རྒྱུ་ནོར་གང་འཚམས་རེ་བསགས་ཡོད་ནའང་། བློ་ལྡན་གཞུང་རྒྱུད་དྲང་བ་ཞིག་ཡིན་ན། བདེ་སྐྱིད་ཀྱི་གཞིས་ཀ་ཨེ་ཡོད།  ལ་རྒྱ་དང་ངོ་སོ་དགོས་པའི་སྟག་ཤར་ཞིག་ཡིན་ན། མི་ཡི་སྔུན་ལ་འབུད་པའི་སྤོབས་པ་དང་སྙིང་སྟོབས་ཇི་ལྟར་ཡོད་ཨང་། དེའི་ཕྱིར་མི་སྔུན་ལ་འབུད་མི་རུང་བའི་ཚོང་ལས་འདི་འདྲ་གཉེར་བ་ནི་མི་རིགས་ཀྱི་རྒྱན་དུ་མི་འགྲོ་བར། ཆོས་དང་རིག་གནས་རྨངས་ནས་བཤིག་པའི་ཞབས་འདྲེན་གྱི་ལས་ཀ་ཡིན། མ་འོངས་པར་ཁོང་ཚོས་ནི་དྲང་བདེན་དང་རྒྱུ་འབྲས་ཡོངས་སུ་དོར་པའི་སྒོས་གང་ཐུབ་ཐུབ་ཀྱིས་འཁྲབ་སྟོན་དང་། མི་རིགས་ཀྱི་ཆོས་དང་རིག་གནས་གང་མང་ཞིག་གིས་ད་དུང་ཡང་ཅི་མི་སྙམ་པར་རྩེད་ཆས་བྱ་ངེས་ཡིན་པས། མི་རིགས་ལ་གློ་དཀར་ཞིང་སྙིང་ཉེ་བ་ཚོས་ཚོང་རྫས་ཉོ་བ་དང་སྟད་མོ་བལྟ་བ་ལ་སོགས་པ་གང་གིས་ཀྱང་རྒྱབ་སྐྱོར་རྡུལ་ཙམ་ཡང་བྱེད་མི་རུང་བར་འདུག་གོ་ཞེས་སྨྲ་བར་འདོད།  

    འོན་ཀྱང་། འཕྱུག་མི་རུང་བ་ལ་ཕྲན་གྱིས་ཞུས་པ་ནི་དྲྭ་རྒྱའི་དུས་རབས་འདིར་དེ་འདྲའི་ལས་རིགས་ཆེད་སྒྲུབ་ཀྱིས་འཇུག་མཁན་དག་གི་ངང་ཚུལ་གསོང་པོར་སྨྲས་པ་ལས། བོད་ཀྱི་དྲྭ་གྲགས་ཡོངས་རྫོགས་དེ་འདྲ་ཡིན་ཞེས་སྨྲས་པ་གཏན་མིན་ཏེ། རང་རེའི་ཚོང་པའམ་དྲྭ་གྲགས་དག་གི་ཁྲོད་དུའང་དབུས་ལྷ་ལྡན་ཞིང་གི་བོད་ཀྱི་ཚོང་ལས་དཔའ་མོ། སྤྱོད་ཡོན་གཉིས་འཛོམས་ཀྱི་མཛངས་མ་‘རྡ་ལི་སི’་ཡི་གསར་གཏོད་པ་རྒན་‘བདེ་སྐྱིད་སྒྲོལ་མ’་ལྟ་བུ་མ་འོངས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོང་ལས་གཉེར་བ་ལའང་རེ་བ་དང་བཅས་པ་དེ་དག་ལ་ནི་ཞུ་ག་ལ་སྤོབས་ཨང་།


2024/12/2


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章