གྱེས་ཕྱག་སེམས་པའི་རང་གཏམ། གྱེར་མཁན། ཨ་མཆོག་པནྡེ་འཚོ།

文摘   2024-11-29 09:48   甘肃  
ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台




  ༄༅།།གྱེས་ཕྱག་སེམས་པའི་རང་གཏམ། 


 གྱེར་ཚིག    ཚེ་ཤིས་ལྷ་དོན།
       གྱེར་མཁན།  ཨ་མཆོག་པནྡེ་འཚོ།


---HEALTH CARE---



ནམ་མཁའ་འདི་སྔར་བཞིན་ནམ་མཁའ་སྟེ།
ཉི་ཟླ་གཉིས་ཀྱི་ཞལ་རས་རེས་སུ་འཛུམ་ཅིང་།
ས་གཞི་འདི་ཡང་སྔར་གྱི་ས་གཞི་སྟེ།
དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་སྡུག་སྔར་བཞིན་ངོམས་སྲིད་མོད།
འོན་ཀྱང་དེ་རིང་ནས་ང་ནི་སྔར་གྱི་ང་མ་ཡིན་ཏེ།
གར་འགྲོ་མིག་གིས་འཚོ་བའི་མ་ཡུམ་དང་གར་བསྡད་སེམས་ཀྱིས་རུམ་པའི་ཕ་ལོ་གང་ཡང་མེད་སོང་ངོ་།།
སྔོན་ཆད་ང་རང་ཕ་མ་གཉིས་ཀྱི་བུ་ཕྲུག་ཡིན་ན་ཡང་།
ད་ལོ་ནས་བུ་ཕྲུག་ཅིག་གི་ཕ་མ་ལས་ཅི་ཡང་ཡིན་མ་སོང་།
སྔོན་ཆད་བདག་ལ་འཁང་ར་དང་ལེ་ལན་བརྩི་སའི་ལོ་ལོན་འདང་ཅན་གཉིས་ཡོད།
སྔོན་ཆད་ང་ལ་ཀྱལ་ཀ་དང་ཀུ་རེ་སློང་སའི་རྒན་རྒོན་དགོད་ཁ་གཉིས་ཡོད།
དེ་རིང་ནས་ང་ལ་གཅིག་ཀྱང་མེད་དེ། 
ཐ་ན་སྔོན་ཆད་ངས་མཁོ་མེད་དུ་འདོད་ཅིང་བར་མེད་དུ་ཞུ་དགོས་པའི།
“ང་རང་གཙོས་ལ་སླེབས་སོང”གྱི་གཏམ་ལན་ཞུ་ས་དེ་ཡང་མེད་དོ།།

མདང་ནུབ་ང་རང་ཕ་ཡུལ་ནས་རང་ཁྱིམ་ལ་ལོག་པ་ཡིན།
ཁྱིམ་གྱི་ས་སྣེ་ཟིན་ཚེ་རྒྱུན་ཆགས་སུ་གྱུར་བའི་གཏམ་དེ་སྙིང་ལ་དྲན་ན་ཡང་།
ང་སླེབས་ཡོད་ཅེས་སུ་ལ་ཞུའམ།
བདག་གི་གཅེན་མོར་ཞུའམ་སྲུ་མོར་ཞུ།
ཡང་ན་ཚ་བོར་ཞུ།
རེད་དེ། བདག་ལ་ཕུ་བོ་ཡང་མེད། 
ལོ་གསུམ་གྱི་ཡར་སྔོན་དུ་ཁོང་གིས་ཞེན་ཆགས་ཀྱི་ཕྱིར་མིག་བུ་ཕྲུག་ལ་བཞག་སྟེ་ང་དང་ངེད་མིང་སྲིང་གསུམ་གྱི་ལག་རྡང་གཏོར་ཏེ་བུད་སོང་། ཉིན་དེ་ནས་བཟུང་ང་རང་ཁོང་རྒན་རྒོན་གཉིས་ཀྱི་ཡོད་ཚད་ཀྱི་ཡོད་ཚད་དེ། དགའ་ན་དགའ་བ་འབོད་ས་དང་། སྐྱོ་ན་སྐྱོ་གཏམ་གླེང་ས་ཡིན། མཐའ་ན་མཚན་གྱི་རྨི་ལམ་མ་ཡག་ན་ཡང་། དེའི་དོན་ཁ་པར་ལས་གླེང་ཞིང་། མིག་མདུན་ནས་བརྗོད་པ་གོམས་ལོབས་སུ་གྱུར་ཡོད།རེད་དེ། ང་ནི་ཁོང་གཉིས་ཀྱི་བདེ་བ་ཡིན་ལ། ང་ཁོང་གཉིས་ཀྱི་སྡུག་བསྔལ་ཡང་ཡིན།
ད་ནི་ཁོང་ཚོས་རེ་རེ་བཞིན་ང་རང་བསྐྱུར་ནས་བུད་སོང་བ་བསམ་ན།
གློ་བུར་ཏུ་སྲོག་རྒྱབ་ལ་བསེར་བུ་ལྡང་འོངས་ལ། སྙིང་རྩ་ལ་མདུད་ལོག་རྒྱབ་ཡོང་སྟེ།
སྐད་ཅིག་མ་དེར་ད་གཟོད་གསུང་ལན་བསྐྱོན་འོས་དེ་ནི་མཁོ་བ་མེད་པའི་ཚིག་ལྷག་ཅིག་གཏན་ནས་མ་ཡིན་པར་ནང་སེམས་ལ་བག་ཡངས་སྟེར་བའི་བདེ་བ་ཞིག་ཡིན་པ་དངོས་སུ་རྟོགས་བྱུང་།

དེ་རིང་ངས་ཡང་བསྐྱར་ཚིག་འདི་དག་གི་མགོ་རྐང་སྒྲིག་དགོས་བྱུང་།
སྔོན་ཆད་ང་རང་ངག་ལྕི་བའི་ཕ་ལོ་ཟེར་བའི་གཞས་ཤིག་གཏོང་བར་ཧ་ཅང་དགའ།
དེ་ནི་ངས་གཞས་དེའི་བདག་གི་ཡབ་ཆེན་གྱི་སྣང་བརྙན་ལྷང་ངེར་བཞེངས་འདུག་སྙམ་པས་ཡིན།
སྔོན་ཆད་ང་རང་དྲིན་མ་ལོ་ཞེས་པའི་རྡུང་ལེན་ཞིག་ལ་མཉན་པར་རབ་ཏུ་སྤྲོ།
དེ་ནི་རྡུང་ལེན་དུ་བླངས་པའི་ས་སྟེང་གི་་ཨ་མ་ཐམས་ཅད་དེ་འདྲ་ལོས་ཡིན་སྒོམ་པས་ཡིན་ན་ཡང་།
ད་ལྟ་བསམས་ན། དེ་ཁོ་ན་ཡང་མ་ཡིན་པར།
བདག་གི་གློ་སྙིང་མཆིན་གསུམ་ལ་ཁོང་གཉིས་དམར་པོ་ཟུངས་ཀྱི་དྭངས་མ་བཞིན་བར་མེད་དུ་འཐིམ་པས་རེད་འདུག

དོ་ནུབ་ངས་སྡུག་བསྔལ་ཞེས་པའི་ཡིག་འབྲུ་གཉིས་པོ་ཡིད་ལ་བསྐྱིལ།
མ་གཞིར་ཡིག་འབུ་དེ་གཉིས་ཀྱང་དེ་འདྲའི་ཉམ་ཐག་གཉིས་མ་ཡིན་ཏེ།
བདག་གི་ཉམ་ཐག་དེ་ཁོ་གཉིས་ཀྱིས་མཚོན་ཐབས་རྩད་ནས་མི་འདུག་པས།
དོ་ནུབ་ངས་ལྷན་འཛོམས་ཞེས་པའི་འདུ་ར་འདིར་མིག་ཞགས་འཕངས།
མ་གཞིར་ལྷན་དུ་འཛོམས་པ་མཐའ་དག་ཀྱང་སྤྲོ་བའི་ངོ་བོར་མ་གྱུར་ཏེ།
གདོང་བ་སྨད་ཅིང་ངོ་མདངས་ཤོར་བའི་ཞེ་འདྲིས་འདི་དག་གིས་དེ་རིང་ང་ལ་བདེ་བ་ཞིག་གཏན་ནས་སྟེར་ནུས་མི་འདུག

གློ་བུར་ཏུ་སྔར་བྱུང་ལ་འདང་རེ་བརྒྱབ་ན། ངོ་མ་ངོ་གནོང་བའི་ལས་ནི་མང་སྟེ།
གྲོགས་པོ་དང་གྲོགས་པོ་འཛོམས་པའི་ཆང་ར་ཞིག་གི་ཕྱིར་ཏུ་ཁོང་གཉིས་ལ་མཇལ་བའི་དུས་ཚོད་བརླག་མྱོང་(ཟིག)ལ།
མཛེས་མ་དང་མཛེས་མ་འཛོམས་པའི་རྩེད་ར་ཞིག་གི་དོན་དུ་ཁོང་གཉིས་དང་འཕྲད་པའི་ལས་སྐལ་ཀྱང་དོར་མྱོང་(ཟིག)
ཐ་ན། ལག་གི་ཁ་པར་དང་།
ཐང་གི་རྩེད་ཤོག་བར་ནས་ཀྱང་།
བདག་མེད་ཀྱི་དུས་ཚོད་དབང་མེད་དུ་མངགས་པས། བཟུང་ན་ཟིན་པའི་མཇལ་འཛོམས་གང་མང་དེ་ལྟར་ཤོར་མྱོང(ཟིག)ཨང་།

དེ་ལྟ་ན་ཡང་།
བདག་ཀྱང་རང་ཚོད་ཀྱིས་དྲིན་ཆེན་ཕ་མའི་དྲིན་ལན་སེམས་ནས་མ་དོར་བའི་རིགས་ཤིག་ཡིན་པར་འདོད་དེ།
གཟའ་མཇུག་གི་དུས་ཚོད་འགའ་རེ་འབད་པས་འཕྲོག་སྟེ་ཁོང་གཉིས་ལ་དགོད་ཁ་བསླངས་མྱོང་ལ།
གློ་ཁུག་གི་དངུལ་ལོ་སྐོར་རེ་ཤུགས་ཀྱིས་བཙིར་ཏེ་ཁོང་གཉིས་ལ་ཞལ་ཟས་སྣ་ཚོགས་ཀྱི་རོལ་བ་སྦྱར་མྱོང་མོད།
བདག་དང་བདག་འདྲའི་སྤུན་ཟླ་མང་དག
བདག་དང་བདག་འདྲར་ལས་ཤོར་ཏུ་སོང་ཡོད་སྙམ་ན།
ངས་ནི་འདི་ལྟའི་སྙན་ངག་ཅིག་གྱེར་ན་འདོད་བྱུང་།

དོ་དགོང་། ནམ་མཁའ་ན་ཁྲ་ལམ་མེར་འཚེར་བའི་སྐར་ཚོགས་སྔར་བཞིན་ཏེ།
སྙན་ངག་པ་ཚོས་སྐར་མས་མིག་ཆུ་གཏོང་རབས་མང་དུ་བྲིས་འདུག་མོད།
དོ་ནུབ་ཀྱི་སྐར་ཚོགས་ལ་མཆི་མ་མི་འདུག་ལ།
ཁ་སང་གི་སྐར་ཚོགས་ཀྱིས་ཀྱང་མཆི་མ་མ་བཏང་ངོ་།།
ཐ་ན་སྐྱ་རེངས་ཁའི་ཅོ་ཀ་འདི་དག་གི་ཀྱར་ཀྱུར་དེ་ཡང་དྲུག་འགྱུར་དུ་འབོད་པའི་སྙན་མོ་ཞིག་ཡེ་ནས་མ་ཡིན་ཏེ།
རྣ་བར་གཟན་ལ་སེམས་ལ་ཡང་གཙེས་འགྲོ་ན།
ངས་མཆི་མ་ཨེ་ཡིན་མི་གསལ་བའི་ཆུ་རིས་རིགས་ཤིག་ལ།
ལག་པ་བཀབ་ནས་ཁུ་སིམ་མེར་མི་འདུག་ཀ་མེད་བྱུང་།
ད་ནས་བདག་ལ་སྙིང་རླུང་སློང་བའི་ལོ་ལོན་མེད་དེ།
བདག་ལ་སྡུག་བསྔལ་ཅེས་ཁ་གཉེར་སྣ་གཉེར་དུ་ཞུ་ས་མེད་པ་ནང་བཞིན།
ད་ནས་བདག་ལ་བྲེད་ཤ་འབར་ནས་སྙེགས་ཡུལ་ནི་མེད་དེ།
བདག་ལ་སྤྲོ་བ་ཞེས་དགའ་ལྷང་ལྷང་ངང་གླེང་ས་མེད་པ་ནང་བཞིན།
བདག་ལ་རེ་ཆད་དང་ཡི་མུག་དུས་ཚོད་གང་ཡང་ཞུ་ས་མེད་དོ།།

ཞིབ་ཏུ་བལྟས་ན།
སྡེ་འདབས་ཀྱི་ཆུ་མོ་དེ་སྔར་བཞིན་ནམ་སྔར་ལས་ཆུང་ཞིང་གཉོམ་པ་འདྲ།
སྡེ་མདོ་ཡི་ལམ་ཕྲན་དེ་སྔར་བཞིན་ནམ་སྔར་ལས་ཆེ་ཞིང་རིང་བ་འདྲ།
གང་ལྟར་བདག་གི་ཡོད་ཚད་ཀྱང་དེ་བཞིན་འགྱུར་སོང་བས།
དར་ལྕོག་གསར་རྙིང་གཉིས་ལྷན་དུ་བཅིངས་པ་དེ་ཁོང་གཉིས་ཀྱི་འདང་བརྩེར་སྒོམ་འོས་ན་ཡང་།
ང་ལ་མཚོན་ན་དེ་ནི་བདག་གི་བྲང་གཞུང་ལ་ཟུག་པའི་ཉག་ཕྲན་འབལ་མེད་གཉིས།
ད་ནི།
བྱིས་དུས་ནས་དྲན་པའི་མགོན་མེད་བདག་མེད་ཀྱི་རང་དབང་དེ་རྙེད་སོང་ངོ་།།
སྣང་བ་རང་ཡན་ལ་དགའ་བ་དངོས་ཡིན་ན།
དེ་རིང་ནས་དགའ་ཆོག་ཆོག་ཡིན།
ངོ་མ་དེ་ལ་དགའ་ན་དགའ་ཆོག་ཆོག་ཡིན་ཡ། དགའ་ཆོག་ཆོག་ཡིན།
སྐབས་འདིར་ཐོན་ན།
ངས་ནི་མན་དབྱངས་ལས་མཛའ་བའི་བརྗོད་པ་ཞིག་གཏན་ནས་རྙེད་མ་སོང
ཨོཾམཎིཔདྨེཧཱུཾཨོཾམཎིཔདྨེཧཱུཾཨོཾམཎིཔདྨེཧཱུཾ

མན་དབྱངས་དེ་ངག་ལ་གྱེར་སྐབས་ཀུན་ལ་ཞུ་འདོད་ཀྱི་ཚིག་ཞིག་སེམས་ལ་ལྷུང་བྱུང་།
མི་སྐྱ་ཕལ་བ་ང་ལ་གྲོགས་པོ་ཞེས་འབོད་པའི། 
འགོ་བ་དཔོན་པོ་ཚོ།
བཟང་ས་རྒྱན་ས་ཚོ།
དུས་ཚོད་ཨེན་ཙམ་འཚིར་ལ་འཚོ་བཞུགས་ཀྱི་ཕ་མར་སྐོར་བ་རེ་རྒྱག་རོགས།
དུས་ཚོད་ཅུང་ཙམ་བསྣོར་ལ་འཚོ་བཞུགས་ཀྱི་ཕ་མར་འདུག་རོགས་རེ་གནོངས་དང་ཞུ་འདོད་པ་དེ་རེད་ལ།
སྐབས་འདིར་བདག་ལ་འདི་ལས་སྙིང་གཏམ་དྲོན་མོ་ཅི་ཡང་བརྗོད་དུ་མེད་ལ་འདི་མ་ཡིན་པའི་སྙིང་གཏམ་ལྕི་མོ་ཞིག་བསམ་དུ་ཡང་ཡོད་མིནད་ཏོ།།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章