属于我们共同的文学大舞台
༄༅།།ཕ་བླ་མའི་བཀའ་དྲིན་དྲན་པའི་གདུང་དབྱངས།
རྗེ་བཙུན་བློ་གསལ་རྒྱ་མཚོ།
རིགས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །སྐུ་ངུར་སྨྲིག་འཆང་བའི་བརྟུལ་ཞུགས་ཅན། །དུས་སྙིགས་མའི་འགྲོ་བ་ཡོངས་ཀྱི་མགོན། །ཕ་རིན་འབྱུང་མཚན་ཅན་རྒྱང་ནས་འབོད། །སྔོན་སངས་རྒྱས་གྲངས་མེད་བྱོན་མོད་ཀྱང་། །རང་མ་རུང་དབང་གིས་གདུལ་མ་ནུས། །ཕ་ཁྱོད་ཀྱི་བཀའ་དྲིན་འཁོར་ཐབས་མེད། །དྲིན་དྲན་ཚེ་ཤེས་པ་སེམས་ནས་འཕྱོ། །ང་ངན་སོང་སྡུག་བསྔལ་ཆེར་མྱོང་ཚེ། །མགོན་ཁྱོད་ཀྱིས་རྣམ་དཀར་དགེ་ལ་བཙུད། །དུས་ད་ལྟ་དལ་འབྱོར་མི་ལུས་ཐོབ། །དེ་ཁྱོད་ཀྱི་བཀའ་དྲིན་མ་ཡིན་ནམ། །མགོན་ཁྱོད་ཀྱི་སྤྲུལ་བ་དམ་པ་ཡིས། །ཁྱིམ་མེ་དོང་ནང་ནས་བརྩེ་བས་དྲངས། །ཚིགས་སྔ་ཕྱིའི་སྡོམ་པ་དགྱེས་བཞིན་སྩལ། །དེ ྾ ། །བདག་འདུལ་སླད་ཁྱོད་ཀྱིས་སྤྲུལ་བ་ཡི། །སྐྱབས་བུདྡྷའི་མཚན་ཅན་ལ་སོགས་པས། །ཡུལ་བྷོ་ཊའི་བརྡ་ལ་ལེགས་པར་བསླབས། །དེ ྾ ། །རྗེ་ཡབ་སྲས་ལེགས་བཤད་ཀྱིས་མཚོན་པའི། །ཁོང་རྒྱ་བོད་མཁས་གྲུབ་དུ་མ་ཡི། །གཞུང་ཚད་ལྡན་མང་བོའི་བཀླག་ལུང་ཐོབ། །དེ ྾ ། །དཔལ་བཅུ་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །རྒྱུད་སྨིན་བྱེད་རྣམ་དག་དབང་བཞི་ཐོབ། །ནམ་ཟུང་འཇུག་འགྲུབ་པའི་ས་བོན་བཞག །དེ ྾ ། །མཚན་ཐོས་པ་ཙམ་ཡང་ཆེས་དཀའ་བའི། །ལྷ་ཞི་ཁྲོ་མང་བོའི་རྗེས་གནང་དང་། །དབང་གདམས་པའི་བདུད་རྩི་ལེགས་པར་སྩལ། །དེ ྾ ། །སེམས་ཐ་རྒོད་འདུལ་བའི་འཕྲུལ་བོ་ཆེ། །ཆོས་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད། །ཕ་ཁྱོད་ཀྱི་དྲིན་ལས་ཡང་ཡང་ཐོབ། །དེ ྾ ། །མགོན་ཁྱོད་ཀྱིས་བསམ་བཞིན་སྤྲུལ་བ་ཡི། །དཔལ་བཤེས་གཉེན་དམ་པས་དགྱེས་བཞིན་དུ། །ཆོས་གདམས་པའི་ཉིང་ཁུ་གང་འདོད་སྩལ། །དེ ྾ ། །སྒོས་ཁྱོད་དང་གཉིས་སུ་མ་མཆིས་པའི། །སྐྱབས་མཚུངས་མེད་དཀོན་མཆོག་བསམ་གཏན་རྗེས། །འབངས་བདག་ལ་སྤྱན་གྱི་འབྲས་བཞིན་བསྐྱངས། །དེ ྾ ། །མགོན་དེ་ཡིས་གཞུང་བཤད་མན་ངག་གིས། །ང་ན་ཚོད་ཉི་ཤུའི་དུས་ནས་གསོས། །དུས་དེང་སང་བོང་བུ་མི་ལ་ཆུད། །དེ ྾ ། །མགོན་ཁྱོད་ཀྱིས་རྣམ་ཀུན་བརྩེ་བ་ཡིས། །སྐབས་སྐབས་སུ་ཟས་གོས་ལ་སོགས་པའི། །གང་མཁོ་བའི་དངོས་པོ་ཅི་འདོད་སྩལ། །དེ ྾ ། །འབངས་ཉམ་ཆུང་འདུལ་སླད་རྗེ་ཉིད་ཀྱིས། །ལྷ་ཞི་ཁྲོ་རབ་འབྱམས་མང་བོ་དང་། །གང་དགོས་ཀྱི་དམ་པའི་ཆ་རྐྱེན་སྤྲུལ། །དེ ྾ ། །དུས་དེང་སང་གྲྭ་བ་ཕལ་ཆེ་བས། །དོན་སྙིང་བོ་མེད་པའི་ཕྱོགས་ལ་འཁོར། །ང་དབེན་པའི་གནས་སུ་དམ་ཆོས་སྒྲུབ། །དེ ྾ ། །ཆོས་སྒྲུབ་ཚུལ་རང་ངལ་ཙམ་མིན་པར། །རྗེ་དུས་གསུམ་རྒྱལ་བའི་གཞུང་ལམ་མཆོག །དཔལ་བྱང་ཆུབ་ལམ་རིམ་བཞིན་དུ་སྒྲུབ། །དེ ྾ ། །མདོར་དྲིལ་ན་འཕྲལ་གྱི་བདེ་འབྱོར་ནས། །དཔལ་བྱང་ཆུབ་ཆེན་པོའི་གོ་འཕང་བར། །གང་མཆིས་པའི་བདེ་དགེ་ལེགས་ཚོགས་ཀུན། །ཕ་ཁྱོད་ཀྱི་བཀའ་དྲིན་ཁོ་ནར་ངེས། །མགོན་ཁྱོད་ཀྱི་སྐུ་ལ་མཚན་དཔེས་སྤྲས། །གསུང་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །དུས་ད་ལྟ་དྲན་པའི་ཡུལ་ཙམ་གྱུར། །འདི་བསམས་ཤིང་བསམས་ཤིང་ཕ་ཁྱོད་དྲན། །ཡུལ་གང་དུ་བལྟས་ཀྱང་ཕ་ཁྱོད་དྲན། །སྒྲ་གང་ཞིག་ཐོས་ཀྱང་ཕ་ཁྱོད་དྲན། །གཞི་གང་དུ་འཆགས་ཀྱང་ཕ་ཁྱོད་དྲན། །མལ་བདེ་བར་ཉལ་ཡང་ཕ་ཁྱོད་དྲན། །ཕྱོགས་གང་དུ་སོང་ཡང་ཕ་ཁྱོད་དྲན། །གནས་གང་དུ་བསྡད་ཀྱང་ཕ་ཁྱོད་དྲན། །ཟས་ཞིམ་མངར་ཟོས་ཀྱང་ཕ་ཁྱོད་དྲན། །གཏམ་གང་ཞིག་གླེངས་ཀྱང་ཕ་ཁྱོད་དྲན། །སྙིང་རུས་པའི་གཏིང་ནས་ཕ་གཅིག་ཁྱོད། །དུས་ཀུན་ཏུ་འོ་དོད་འབོད་ལགས་ན། །ཕ་ཁྱོད་ཀྱིས་དམིགས་མེད་ཐུགས་རྗེ་ཡིས། །འབངས་ཉམ་ཆུང་སྐྱོང་བའི་དུས་ལ་བབ། །དུས་དེང་ནས་བྱང་ཆུབ་སྙིང་བོའི་བར། །མགོན་ཁྱོད་དང་རྣམ་ཀུན་མི་འབྲལ་བར། །གསུང་ལེགས་འདོམས་བདུད་རྩིར་མྱོང་བཞིན་དུ། །མཆོག་ཟུང་འཇུག་ཐོབ་པའི་བཀའ་དྲིན་སྩོལ། ། ཅེས་ཕ་བླ་མའི་བཀའ་དྲིན་དྲན་པའི་གདུང་དབྱངས་འདི་ནི་སྤྲང་ཆོས་མེད་བློ་གསལ་མིང་ནས་སྨྲས་པ་ཕ་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!