མྱུར་སྐྱེལ་ཁ་ཕྱེ་རྗེས་མིག་ཕུར་ན་ནད་འདི་འགོས་སྲིད་དམ།

民生   2024-11-03 19:00   北京  

   ཟླ10བའི་ཚེས30ཉིན་ཐགས་དབྱིབས་ཆུ་འབྲུམ་ནད་ཀྱི་འགོས་སྟངས་ནི་ཧ་ཅང་དམིགས་བསལ་ཅན་ཞིག་ཡིན་ལ། དེ་ནི་ལུས་པོའི་ནད་དུག་ལས་ལངས་པ་རེད། ཐགས་དབྱིབས་ཆུ་འབྲུམ་འབྱུང་བའི་ནད་དུག་ལ་“ཆུ་ཐོར་-ཐགས་དབྱིབས་ཆུ་འབྲུམ་ནད་དུག་”ཟེར།

    ནད་དུག་འདིའི་རིགས་ཐོག་མར་འགོས་པའི་རྟགས་ནི་ཆུ་ཐོར་ཡིན་ལ། ཆུ་ཐོར་དྲགས་རུང་། ནད་དུག་དེ་ནམ་ཡང་ལུས་པོར་འཇགས་སྲིད།

   མངོན་ཚུལ་བྱེ་བྲག་ནི། ནད་དེ་“དབང་རྩའི་གནད་”དུ་ཐིམས་ནས། ལོ་མང་པོའི་རིང་ལ་ནད་རྟགས་གང་ཡང་མེད་པར་ལངས་མི་སྲིད། 

    ངལ་དུབ་དང་ལུས་ཟུངས་ཉམས་པའི་གནས་ཚུལ་སོགས་ཐོན་ཚེ། ནད་དུག་འདི་ཡང་བསྐྱར་ལངས་ནས་མུ་མཐུད་ཇེ་སྡུག་དང་ཁྱབ་ཆེར་གྱུར་ཏེ། མཐར་པགས་པར་གཉན་ཁ་རྒྱས་ཤིང་ནད་བབ་ལ་འགྱུར་བ་བྱུང་ནས། ཐགས་དབྱིབས་ཆུ་འབྲུམ་དུ་འགྱུར་བ་ཡིན། དེའང་གསལ་པོར་བཤད་ན་ཐགས་དབྱིབས་ཆུ་འབྲུམ་ནི་ནད་དུག་འདི་འགོས་ཐེངས་གཉིས་པ་ཡིན།

   དེའི་ནང་ནས། ཐགས་དབྱིབས་ཆུ་འབྲུམ་གྱི་ནད་འདི་མིག་དང་མིག་གི་མཐའ་འཁོར་དུ་ཐོན་ན། ང་ཚོས་དེར་“མིག་གི་ཐག་དབྱིབས་ཆུ་འབྲུམ་”ཟེར་བ་དང་། ཐགས་དབྱིབས་ཆུ་འབྲུམ་གྱི་ནད་འདི་མྱུར་སྐྱེལ་ཁ་ཕྱེ་བའམ་མིག་ཕུར་བ་དང་འབྲེལ་བ་མེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章